དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་མཐོ་གསར་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

    སྨན་ཐོའི་སྨན་ཕྱིར་ཚོང་ལ་ཆེད་དོན་བཅོས་སྒྲིག་གི་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-12

    སྨན་རྫས་ཚོང་ཁང་གི་སྨན་ཐོའི་སྨན་ཕྱིར་ཚོང་སྔར་བས་ཚད་ལྡན་དུ་གཏོང་བ་དང་། སྨན་ཐོའི་སྨན་དང་དེ་བྱིངས་ཀྱི་སྨན་རྫས་ཀྱི་རིགས་དབྱེ་དང་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། སྨན་རྫས་ཚོང་ཁང་གི་སིལ་ཚོང་ཁེ་ལས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་འགན་འཁུར་བ་དང་པོའི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་སྨན་བེད་སྤྱོད་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད། ཉེ་ཆར། ལྷ་ས་མཐོ་གསར་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྨན་ཐོའི་སྨན་ཕྱིར་ཚོང་ལ་ཆེད་དོན་བཅོས་སྒྲིག་གི་ལས་དོན་སྤེལ་བ་རེད།

    ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་གི་ལས་དོན་ཞིབ་ཚགས་པོ་སྤེལ་ཡོད་པ་སྟེ། སྨན་རྫས་རིགས་དབྱེ་དོ་དམ་དོན་འཁྱོལ་ནན་པོ་བྱས་མིན་དང་། སྨན་ཐོའི་སྨན་ལ་ཞིབ་བཤེར་དང་བེད་སྤྱོད་ཀྱི་མཛུབ་ཁྲིད་ཡག་པོ་བྱས་མིན། དེབ་འཛིན་སྨན་སྦྱོར་པ་ལས་གནས་ཐོག་མེད་ཀྱང་སྨན་ཐོའི་སྨན་ཕྱིར་ཚོང་བྱས་པ་དང་སྨན་ཐོར་མ་བལྟས་པར་ཐད་ཀར་སྨན་ཐོའི་སྨན་ཕྱིར་ཚོང་བྱས་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་གཉེར་སྐྱོང་བྱེད་སྤྱོད་དང་རང་དགར་སྨན་ཐོར་བཟོ་བཅོས་བརྒྱབ་པའམ་ཡང་ན་ཚབ་བྱས་ནས་སྤྱད་མིན། སྨན་ཐོའི་ཡོང་ཁུངས་བདེན་མིན་དང་བློས་འགེལ་ཆོག་མིན། དེ་བཞིན་མིང་ངོ་མ་འགོད་མིན་སོགས་ཀྱི་ཐད་ཞིབ་བཤེར་ནན་པོ་བྱས་ནས། སྨན་རྫས་འཁོར་རྒྱུག་གི་སྒྲིག་ལམ་དང་མང་ཚོགས་ཀྱི་སྨན་བེད་སྤྱོད་ཀྱི་བདེ་འཇགས་འགན་ལེན་ནུས་ལྡན་བྱས་ཡོད། མིག་སྔའི་བར། ལྷ་ས་མཐོ་གསར་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྨན་རྫས་སིལ་ཚོང་ཁེ་ལས་28ལ་ཞིབ་བཤེར་བྱས་པ་དང་། ས་གནས་ས་ཐོག་ཏུ་ཁེ་ལས་3བཅོས་སྒྲིག་བྱས་པ། ལྟ་སྐུལ་བསམ་འཆར་ཡི་གེ་2སྤྲད་པ། ཆེད་མི་བཀོད་སྒྲིག་བྱས་ནས་སྨན་རྫས་ཁེ་ལས་ཀྱི་དག་ཐེར་དང་བཅོས་སྒྲིག་བྱས་ཚུལ་ལ་འདྲི་རྩད་དང་། སྨན་རྫས་ཁེ་ལས་ཀྱི་བྲིན་ཚོང་ཚད་ལྡན་བྱེད་པར་ལྟ་སྐུལ་བྱས་ནས་མང་ཚོགས་ཀྱི་སྨན་བེད་སྤྱོད་ཀྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།