དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཀྲུང་གོ་མི་དམངས་དངུལ་ཁང་ནག་ཆུ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས།

    དངུལ་སྨར་དྲ་མིག་ཅན་གྱི་ཞབས་འདེཌ་ཁུལ་དུ་ལྐོག་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-12

    ཀྲུང་གོ་མི་དམངས་དངུལ་ཁང་ནག་ཆུ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་དངུལ་སྨར་དྲ་མིག་ཅན་གྱི་ཞབས་འདེགས་ཀྱི་འབྲེལ་ཡོད་བླང་བྱར་དམིགས་ནས“དངུལ་ཁང་དབར་ཕན་ཚུན་ལྐོག་ཞིབ”ཀྱི་བྱེད་སྟངས་གསར་པ་སྤྱད་དེ་དངུལ་སྨར་དྲ་མིག་ཅན་གྱི་ཞབས་འདེགས་ཁུལ་དུ་ལྐོག་ཞིབ་བྱས་པ་རེད།

    མི་སྣའི་སྐབས་བསྟུན་རང་བཞིན་ཆེ་རུ་བཏང་ནས་ལྐོག་ཞིབ་ལས་དོན་གྱི་བྱེད་ཐབས་གསར་པ་བཏོད་པ། “ལྐོག་གྱུར་པས”ལྐོག་ཞིབ་ལས་དོན་ཚད་ལྡན་སྤེལ་བར་བརྟེན་ནས་ཚོང་ལས་དངུལ་ཁང་གི་མི་ཤུགས་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་བྱས་པ་དང“ལྐོག་གྱུར་པའི”ལྐོག་ཞིབ་བྱེད་སྟངས་གསར་པ་བཏོད་དེ། དངུལ་སྨར་དྲ་མིག་ཅན་གྱི་ཞབས་འདེགས་ཁུལ་གྱི་ལྐོག་ཞིབ་ལས་དོན་རྒྱུན་རྣམ་ཅན་དང་། བརྒྱུད་རིམ་ཅན། ཕན་འབྲས་ཅན་བཅས་སུ་འགྱུར་བར་སྔར་བས་སྐུལ་འདེད་བཏང་བ་རེད།

    ལས་སྒོའི་ཉེན་ཁར་ནན་བཤད་བྱས་ནས་ལྐོག་ཞིབ་ལས་དོན་གྱི་བསམ་གཞིག་གསལ་པོ་ཡོང་བར་བྱས་པ། ལྐོག་ཞིབ་མ་བྱས་གོང་། དེ་སྔའི་ལྐོག་ཞིབ་ལས་དོན་གྱི་ཉམས་མྱོང་ལ་གཞིགས་ནས། ལྐོག་ཞིབ་ལས་དོན་གྱི་རྩལ་ནུས་དང་དོ་སྣང་བྱེད་དགོས་པའི་གནད་དོན་ཁག་ཕྱོགས་སྡོམ་དང་། ལྐོག་ཞིབ་ནང་ཞུགས་མཁན་ལ“ལྐོག་གྱུར་པས”ལྐོག་ཞིབ་བྱེད་རིང་གི་འདྲི་རྩད་བྱེད་སྟངས་དང་། བཅར་འདྲི་དང་ཞིབ་བཤེར་བྱེད་སྟངས། སྐད་ཆ་ཤོད་སྟངས་སོགས་ལ་འགྲེལ་བཤད་བརྒྱབ་ནས། ལྐོག་ཞིབ་པས་ལྐོག་ཞིབ་བྱེད་པའི་དམིགས་ཡུལ་དང་ལྐོག་ཞིབ་ཀྱི་གོ་རིམ་སོགས་ཤེས་རྟོགས་གང་ལེགས་ཐུབ་པར་བྱས་པ་རེད།

    དོན་དངོས་རྣམ་པ་སླར་ཡང་མངོན་ནས་ལྐོག་ཞིབ་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ། ལྐོག་ཞིབ་པས“རྣམ་པ་ངོ་མ་ཡིན་པ་དང་། དོན་དངོས་འགོད་པ། ཚུར་ལན་དྲང་པོ་བྱེད་པ”བཅས་རྩ་དོན་དུ་བྱས་ནས་རང་ངོས་ཀྱི་ལས་ཀའི་ཉམས་མྱོང་དང་ཟུང་འབྲེལ་གྱིས། དངུལ་སྨར་ཞབས་འདེགས་ཞུ་རིང་ཐོན་སླ་བའི་ནོར་འཁྲུལ་དང་དཀའ་ངལ་ལ་དམིཌ་ནས། ཁོངས་གཏོགས་ཁུལ་གྱི་དངུལ་ཁང་གི་ཞབས་འདེགས་ཀྱི་སྤུས་ཚད་ལེགས་སུ་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་བ་རེད།

    གནད་དོན་ལ་ཞིབ་བསྡུར་བྱས་ནས་མི་འདང་ས་བཙལ་ཏེ་ལྐོག་ཞིབ་ལས་དོན་གྱི་ཕན་འབྲས་དངོས་ཐོན་པར་བྱས་པ། དངུལ་ཁང་གི་ལྐོག་ཞིབ་པས་ལྐོག་ཞིབ་བྱེད་རིང་དྲ་མིག་ཅན་གྱི་དངུལ་སྨར་ཞབས་འདེཌ་ཀྱི་འགན་འཁྲིའི་ཁུལ་དུ་ལྷག་པའི་དངུལ་ཁང་གཞན་དག་གི་གནད་དོན་དང་རང་ངོས་ཀྱི་ཞབས་འདེཌ་གནས་ཚུལ་དང་ཞིབ་བསྡུར་བྱས་ཏེ། ཚང་བཤེར་ཆད་གསབ་ཀྱིས་དངུལ་སྨར་ཞབས་འདེཌ་ཀྱི་སྤུས་ཚད་ལེགས་སུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།