གྲ་ནང་སྤྱི་བདེས་སོ་མ་ར་ཙ་རྐང་36རྩ་མེད་དུ་བཏང་བ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་སྤྱི་བདེ་ཅུས་གྲ་ཕྱི་ཤང་མངགས་གཏོང་ཁང་གིས་གྲོང་ཚོ་དང་གྲོང་ལྷན་དབར་གྱི་འགལ་བ་དང་རྩོད་གཞིར་རྒྱུན་གཏན་གྱི་གྲལ་བཤེར་བྱེད་རིང་སོ་མ་ར་ཙ་རྐང་36རྩ་མེད་དུ་བཏང་བ་རེད།
གྲོང་ཚོ་དང་གྲོང་ལྷན་དབར་གྱི་འགལ་བ་དང་རྩོད་གཞིར་རྒྱུན་གཏན་གྱི་གྲལ་བཤེར་བྱེད་རིང་། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་རྣམ་སྲས་གླིང་གྲོང་ཚོའི་ཡུལ་མི་ཞིག་གི་སྒོ་རའི་ནང་དུག་རྫས་སོ་མ་ར་ཙ་བཏབ་ཡོད་པ་ཤེས་འཕྲལ་ཁང་བདག་ལ་འདྲི་རྩད་བྱས་པ་རེད། འདྲི་རྩད་བྱས་པ་བརྒྱུད། དུད་ཚང་དེའི་ཡུལ་མིས་སོ་མ་ར་ཙ་ཞེས་པའི་སྐྱེ་དངོས་དེར་རྒྱུས་མངའ་རྩ་བ་ནས་མེད་པ་ཤེས་རྟོགས་བྱུང་བ་རེད། དེ་རྗེས་བརྟག་དཔྱད་དང་འདྲི་རྩད་བྱས་པ་བརྒྱུད་སོ་མ་ར་ཙ་དེ་དག་མིས་བཏབ་པ་ཞིག་མིན་པར་རང་བྱུང་དུ་སྐྱེས་པའི་རི་སྐྱེས་སོ་མ་ར་ཙའི་རིགས་ཡིན་པ་གཏན་འཁེལ་བྱས་པ་རེད།
ཁྲིམས་འགལ་བས་སོ་མ་ར་ཙ་དེ་དག་་ཁྲིམས་དང་མ་མཐུན་པར་བཏུས་ནས་དུག་རྫས་ལས་སྣོན་བྱེད་པར་སྔོན་འགོག་བྱ་ཆེད། མི་དམངས་ཉེན་རྟོག་པས་རི་སྐྱེས་སོ་མ་ར་ཙ་རྐང་36ཚང་མ་རྩ་མེད་དུ་བཏང་བ་མ་ཟད། ས་ཁོངས་ཉེ་འཁོར་དུ་ལེབ་བཤེར་བྱས་ཏེ་དུག་རྫས་ཀྱི་མངོན་མེད་རྐྱེན་ངན་སྔར་བས་བསལ་བ་རེད།
མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ད་ཐེངས་ཀྱི་གོ་སྐབས་དང་བསྟུན་ནས། ཉེ་འཁོར་གྱི་མང་ཚོགས་ཚོར་དུག་རྫས་ཀྱི་མ་བཅོས་རྩི་ཤིང་གི་ཁྱད་ཆོས་དང་གཟུགས་པོར་གནོད་འཚེ་ཚབས་ཆེན་བཟོ་བ་སོགས་ཀྱི་རྒྱུན་ཤེས་ལ་འགྲེལ་བཤད་བརྒྱབ་པ་དང་། ཁྲིམས་དང་མ་མཐུན་པར་དུག་རྫས་ཀྱི་མ་བཅོས་རྩི་ཤིང་འདེབས་འཛུགས་བྱེད་པའི་གནོད་འཚེ་དང་དེ་བཞིན་འཁུར་དགོས་པའི་བཅའ་ཁྲིམས་ཀྱི་འགན་འཁྲི་ཁྱབ་གདལ་བཏང་བ། དུག་རྫས་ལ་ཤེས་རྟོགས་དང་དུག་རྫས་འགོག་པའི་མང་ཚོགས་ཀྱི་འཇོན་ནུས་ཆེ་རུ་དང་ཁྲིམས་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད།