དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྟེང་ཆེན་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་གྲོང་ཚོར་སྤེལ་བའི་བྱེད་སྒོ་གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-12

    ཉེ་བའི་ལོ་ཤས་རིང་། སྟེང་ཆེན་རྫོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་གཙོ་རྐང་ལ་དམ་པོར་དམིགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་གྲོང་ཚོར(སྡེ་ཁུལ)སྤེལ་བའི་བྱེད་སྒོ་གཏིང་ཟབ་སྤེལ་བས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་དྲང་ནུས་ཆེན་པོ་གཅིག་ཏུ་བསྒྲིལ་བ་རེད།

    ཤང་དང་གྲོང་རྡལ་ཁག་གིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དུས་ཐོག་ཏུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་གྲོང་ཚོར(སྡེ་ཁུལ)སྤེལ་བའི་མཛུབ་ཁྲིད་ཚོགས་ཆུང་བཙུགས་པ་དང་། ཤང་དང་གྲོང་རྡལ་གྱི་ཏང་ཨུད་ཀྱིས་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་དུས་བཀག་ནང་ཆེད་དོན་ཚོགས་འདུ་འཚོགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་གྲོང་ཚོར(སྡེ་ཁུལ)སྤེལ་བའི་བྱེད་སྒོར་ཞིབ་འཇུག་བྱས་པ་དང་འབྲེལ། 《མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་གྲོང་ཚོར(སྡེ་ཁུལ)སྤེལ་བའི་ལས་དོན་གྱི་ཇུས་གཞི》བཟོས་ནས། ལས་ཀའི་ནང་དོན་དང་ལས་ཀའི་གཙོ་གནད་ཁ་གསལ་བཟོས་པ་དང་ཚད་ལེན་ཚོད་ལྟའི་དམིགས་ཚད་ཞིབ་ཕྲ་བཟོས་ཡོད།

    མི་དམངས་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་ཞིང་། གྲོང་སྡོད་ལས་དོན་རུ་ཁག་ལ་བརྟེན་ནས་དམངས་ལ་ལས་ཞུགས་དང་། རྒན་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ཞབས་འདེགས་ཞུས་ཏེ་ཡུལ་སྲོལ་དམངས་ཆིངས་ལ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་པ་དང་། གྲོང་ཚོ(སྡེ་ཁུལ)དང་། སྤྱི་ཚོགས་ཀྱི་རྩ་འཛུགས། སྤྱི་ཚོགས་ཀྱི་ལས་དོན་པ། སྡེ་ཁུལ་གྱི་དང་བླངས་པ་བཅས་དབར་གྱི་མཉམ་འགུལ་ལམ་སྲོལ་གཏོད་པ། དང་བླངས་པའི་ཞབས་ཞུའི་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཡོད་དང་བླངས་པའི་ཞབས་ཞུ་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱས་ཏེ། གྲོང་ཚོ(སྡེ་ཁུལ)68ལ་དང་བླངས་ཞབས་ཞུ་རུ་ཁག་ཡོད་པ་བྱས་པས། སྤྱི་ཚོགས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱས་ཡོད། མི་རིགས་ཁག་གི་མང་ཚོགས་ཀྱིས་ཡ་རབས་ཀྱི་འཚོ་བ་དོན་གཉེར་དང་ཡ་རབས་ཀྱི་བྱ་སྤྱོད་དང་གོམས་གཤིས་འཇགས་པར་རྒྱབ་སྐྱོར་དང་ལྕག་སྐུལ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་མི་རིགས་ཀྱི་གོམས་སྲོལ་ལ་བརྩི་འཇོག་བྱས་ཏེ། ཁྱིམ་མཚེས་དབར་འཆམ་མཐུན་དང་། ནང་མི་འཆམ་མཐུན། ཕན་ཚུན་རོགས་རམ། ཐུན་མོང་འཕེལ་རྒྱས་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཆགས་པར་ཁྲིད་སྟོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།