དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ཕྱི་ཕྱོགས་དངོས་རིགས་བཀག་འགོག་ནན་པོ་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ།

    ཟླ་7པའི་བར་རྒྱལ་མཚམས་ནང་ཁྱེར་མི་ཆོག་པའི་སྲོག་ཆགས་རྩི་ཤིང་དང་དེའི་ཐོན་རྫས་ཁག་ཐེངས་48བཀག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-07

     འགག་སྒོའི་ནད་ཡམས་ཞིབ་བཤེར་ལ་སྔར་བས་ཤུགས་སྣོན་དང་། སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ། འགག་སྒོའི་ནད་ཡམས་ཞིབ་བཤེར་གྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ། ཕྱི་ནས་ཡོང་བའི་དངོས་རིགས་བཀག་འགོག་ནན་པོ་བཅས་བྱ་ཆེད། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་བཀོད་སྒྲིག་ལྟར་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་དུས་ཡུན་ལོ་གསུམ་གྱི་ཕྱི་ནས་ཡོང་བའི་དངོས་རིགས་བཀག་འགོག་ནན་པོ་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནས་བཟུང་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་རྒྱལ་མཚམས་ཀྱི་སྐྱེ་དངོས་བདེ་འཇགས་ལྟ་ཞིབ་ཚད་ལེན་དང་། “རྒྱལ་སྒོ་ཕུབ་ལྗང”བྱ་སྤྱོད། “གློག་རྡུལ་ཚོང་པས་རྒྱལ་མཚམས་སྒྲོལ་ནས‘གཅེས་ཉར་སྲོག་ཆགས་ཁྱད་མཚར’བསྐུར་བའི་ཕྱོགས་བསྡུས་བཅོས་སྐྱོང”གི་ཆེད་དོན་བྱ་སྤྱོད་བཅས་འབྲེལ་ཟམ་དུ་བྱས་ནས“ཕྱི་ནས་ཡོང་བའི་དངོས་རིགས་བཀག་འགོག་ནན་པོ་བྱེད་པའི་ལོ་གསུམ་གྱི་ཆེད་དོན་བྱ་སྤྱོད”དང་སྦྲེལ་མཐུད་གང་ལེགས་བྱས་ཏེ། རང་ལྗོངས་ཀྱི་གནོད་སྐྱེལ་སྐྱེ་དངོས་ཀྱི་གཞི་རྩའི་གྲངས་གཞི་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ནས་བོད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་ཆེད་རྨང་གཞི་བཏིང་ཡོད་པ་རེད། ཟླ་7པའི་བར་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་རྒྱལ་མཚམས་ནང་ཁྱེར་མི་ཆོག་པའི་སྲོག་ཆགས་རྩི་ཤིང་དང་དེ་བཞིན་དེའི་ཐོན་རྫས་ཁག་ཐེངས་48དང་སྟོང་ཁེ་170.46བཀག་ནས་ཕྱི་ནས་ཡོང་བའི་དངོས་རིགས་བཀག་འགོག་ནན་པོ་བྱེད་པའི་ལས་དོན་ལ་ཕན་འབྲས་རགས་ཙམ་ཐོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།