དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྤོ་བོ་རྫོང་གྲོང་ཁྱེར་དོ་དམ་ཅུས་ཀྱིས།

    ཁྲིམས་སྒྱུར་ནུས་པ་ཆེར་གཏོང་གི་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-06

    གྲོང་ཁྱེར་དོ་དམ་གྱི་ཁྲིམས་སྒྱུར་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་སྲིད་འཛིན་ཆད་གཅོད་གྱོད་གཞིའི་ཞིབ་གཅོད་སྤུས་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་སྒྱུར་ཅུས་ཀྱིས་བོད་སྐྱོར་ཁྲིམས་རྩོད་པ་ཏུང་ཀྲི་གཡོད་གདན་དྲངས་ཏེ“ཁྲིམས་སྒྱུར་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་ཁྲིམས་ལྟར་འགན་དབང་སྤྱོད་པ”བརྗོད་དོན་གཙོ་བོར་བྱས་པའི་ཁྲིམས་སྒྱུར་ནུས་པ་ཆེར་གཏོང་གི་ཆེད་དོན་གསོ་སྦྱོང་བྱས་ཤིང་། ཁྲིམས་སྒྱུར་མི་སྣ་11གསོ་སྦྱོང་ལ་ཞུགས་པ་རེད།

    གསོ་སྦྱོང་བྱེད་རིང་། ཏུང་ཀྲི་གཡོད་ཀྱིས་སྲིད་འཛིན་ཁྲིམས་སྒྱུར་གྱི་དམིགས་ཡུལ་དང་། ཁྲིམས་སྒྱུར་གྱི་གོ་རིམ། མཐའ་ཚད་ཀྱི་བསམ་གཞིག་སོགས་ཀྱི་ནང་དོན་ཕྱོགས་ཡོངས་དང་ཞིབ་ཚགས་ངང་འགྲེལ་བཤད་བརྒྱབ་པ་དང་འབྲེལ་ཁྲིམས་སྒྱུར་མི་སྣར་རྒྱུན་གཏན་གྱི་གྱོད་གཞི་ཞིབ་གཅོད་ཁྲོད་འཕྲད་པའི་དཀའ་གནད་ལ་དམིགས་ཏེ། གསོ་སྦྱོང་ལ་ཞུགས་མཁན་དང་མཉམ་དུ་ཁྲིམས་སྒྱུར་ལག་ལེན་སྐོར་ལ་གྲོས་བསྡུར་དང་སྤེལ་རེས་བྱས་པ་རེད། གསོ་སྦྱོང་གི་ནང་དོན་ལ་མཛུབ་ཁྲིད་རང་བཞིན་དང་ལག་ལེན་གྱི་དམིགས་སའི་རང་བཞིན་ཅུང་ཆེན་པོ་ལྡན་ཞིང་། ཁྲིམས་སྒྱུར་མི་སྣས་སྲིད་འཛིན་ཁྲིམས་སྒྱུར་གྱི་ལས་སྒོ་དང་སྲིད་འཛིན་ཁྲིམས་སྒྱུར་གྱི་ཤེས་བྱ་བརྒྱུད་རིམ་ལྡན་པའི་ངང་སྦྱངས་ནས་དཔང་རྟགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་དང་། སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུག་བཤེར་གྱི་ཞུ་ལན་འདེབས་ནུས་ཆེ་རུ་བཏང་ནས་སླད་ཕྱིན་ཁྲིམས་སྒྱུར་ལས་དོན་སྔར་བས་ཡག་པོ་སྤེལ་རྒྱུར་རྨང་གཞི་བཟང་པོ་བཏིང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།