དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་ལྗོངས་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས“གྲོན་དངུལ་གང་བྱུང་བསྡུ་བ”དང་། “དངུལ་ཆད་གང་བྱུང་གཅོད་པ”“ཆ་གསེས་གང་བྱུང་བྱེད་པ”བཅས་ལ་མུ་མཐུད་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-05

    གསར་འགོད་པས་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་གཉིས་ནང་། ཁེ་ལས་ཀྱིས་ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་དངུལ་གང་བྱུང་བསྡུ་བའི་སྣང་ཚུལ་ལ་བསམ་འཆར་མང་པོ་འདོན་པ་དང་། གྲོན་དངུལ་གང་བྱུང་དུ་བསྡུ་བའི་སྣང་ཚུལ་ཐོན་ནས་རང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་ཤུགས་རྐྱེན་ངེས་ཅན་བཟོས་པའི་གནས་ཚུལ་ལ་དམིགས་ནས། རྒྱ་ཆེའི་གཉེར་སྐྱོང་བྱེད་པོ་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཀྱི་ཁུར་པོ་ཡང་གཏོང་ལ་རོགས་སྐྱོར་བྱ་ཆེད། ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འགྲིམ་འགྲུལ་ཟོག་འགྲེམས་དང་། ཆུ་དང་། གློག སོལ་རླངས། དྲོད་རླངས་སོགས་སྤྱི་སྤྱོད་བྱ་གཞག དངུལ་རྩའི་ལས་རིགས། སྲིད་གཞུང་སྡེ་ཚན་དང་དེའི་མངའ་འོག་ཚན་པ། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་དང་འབྲེལ་བ་ཡོད་པའི“གྲོན་དངུལ་གང་བྱུང་བསྡུ་བ”དང་། “དངུལ་ཆད་གང་བྱུང་གཅོད་པ” “ཆ་གསེས་གང་བྱུང་བྱེད་པ”བཅས་ཀྱི་གནད་དོན་ཕྱོགས་ཡོངས་ནས་གཙང་བཤེར་དང་བཅོས་སྒྲིག་བྱས་ཏེ་གྲོན་བསྡུའི་བྱེད་པོའི་སྒྲིག་སྲོལ་གྱི་འདུ་ཤེས་ཚད་ལྡན་དུ་གཏོང་བ་དང་། ཁེ་ལས་ཀྱི་གཉེར་སྐྱོང་མ་གནས་དམའ་རུ་གཏོང་བ། གྲོན་བསྡུའི་བྱེད་པོའི་སྒྲིག་སྲོལ་གྱི་འདུ་ཤེས་སྔར་བས་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས། གཉེར་སྐྱོང་བྱེད་པོ་སྣ་ཚོགས་ལ་མ་དངུལ་བཏང་ནས་བྱ་གཞག་གཏོད་པར་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་པ་རེད།

    2022ལོ་ནས་བཟུང་། ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་དང་མཉམ་འབྲེལ་ཐོག་ཁྲིམས་སྒྱུར་བ་མི་ཐེངས་120ལྷག་ཙམ་བཏང་བ་དང་འབྲེལ། ཅང་ཤིས་ཞིང་ཆེན་དང་ཀྲེ་ཅང་ཞིང་ཆེན་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་བསྡུའི་ལྟ་འདོམས་རིགས་གཅིག་མཁས་ཅན་6གདན་དྲངས་ནས་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་དང་ས་གནས་ས་ཐོག་ཏུ་སློབ་ཁྲིད་བྱས་ཏེ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་དུ་ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་བསྡུའི་མཉམ་འབྲེལ་ཞིབ་བཤེར་དང་ཞིབ་བཤེར་སྣོལ་མ་བྱས་པ་རེད། ཞིབ་བཤེར་བས་ལྗོངས་ཡོངས་ཀྱི་གྲོན་བསྡུའི་ཚན་པ་115ལ་བསྐྱོད་དེ་ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་འདྲི་རྩད་བཞུགས་མོལ་ཐེངས་80ལྷག་ཙམ་བྱས་ནས་འབྲེལ་ཡོད་དཔང་རྟགས་དང་དཔྱད་ཡིག་བླངས་པ་མ་ཟད། ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་བསྡུའི་སྒྲིག་འགལ་གནད་དོན་ལ་དམིགས་ནས། ཚན་པ་66ཐོ་འགོད་བྱས་ཏེ་ཞིབ་བཤེར་ཐག་གཅོད་བྱས་པ་དང་ཚན་པ་15བཅོས་སྒྲིག་བྱེད་དགོས་པའི་བཀའ་བཏང་བ། གནད་དོན་གཞན་དག་8འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱས་པ་རེད། 2023ལོར་ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་བསྡུའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ཚུན། གྲོང་ཁྱེར་དང་ས་ཁུལ་7ལ་ཞིབ་བཤེར་བྱས་ནས་ཞིབ་བཤེར་བས་ལྗོངས་ཡོངས་ཀྱི་གྲོན་བསྡུའི་ཚན་པ་60ལྷག་ཙམ་ལ་བསྐྱོད་དེ་འདྲི་རྩད་བཞུགས་མོལ་ཐེངས་50ལྷག་ཙམ་བྱས་པ་དང་འབྲེལ་ཡོད་དཔང་རྟགས་དང་དཔྱད་ཡིག་བླངས་ནས་རིན་གོང་དང་གྲོན་བསྡུའི་སྒྲིག་འགལ་གནད་དོན་ཡོད་པའི་ཚན་པ་34དང་སྒྲིག་འགལ་ངང་གྲོན་བསྡུའི་གནད་དོན་55ཤེས་རྟོགས་ཐུབ་ནས་ཚན་པ་22ཐོ་བཀོད་དེ་ཞིབ་བཤེར་ཐག་གཅོད་བྱས་པའི་ནང་གི་ཚན་པ་7བརྟག་དཔྱད་མཇུག་འགྲིལ་ནས་སྲིད་འཛིན་ཆད་གཅོད་གཏན་འབེབས་གཤམ་ལ་སྤྲོད་རྩིས་ཡོད་པ་རེད། བཅོས་སྒྲིག་བྱེད་དགོས་པའི་བཀའ་བཏང་བའི་ཚན་པ་9ཡོད་པ་དང་སྒེར་སྡེམ་གྱོད་གཞི་གཞིར་བཟུང་ཞིབ་བཤེར་ཐག་གཅོད་བྱས་པའི་ཁུངས་སྣེ་2ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།