དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་ལྗོངས་ཀྱིས་ཉ་ལས་ཐོན་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-05

    ཉེ་ཆར་གསར་འགོད་པར་རང་ལྗོངས་ཀྱི་ཉ་ལས་ཐོན་ཁུངས་སྲུང་སྐྱོང་ལས་དོན་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོ་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཉ་ལས་ཁྲིམས་སྒྱུར་གྱི་བརྒྱུད་རིམ་ཚད་ལྡན་དུ་ཧུར་ཐག་བཏང་སྟེ། གཞི་རིམ་གྱི་ཁྲིམས་སྒྱུར་ནུས་པ་ཆེ་རུ་གཏོང་བ་བརྒྱུད་ཁྲིམས་ལྟར་ཉ་འཛིན་པ་དང་ཁྲིམས་ལྟར་ཉ་ལས་དར་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཉ་ལས་ཐོན་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད།

    2012ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་གྱིས་བདག་ཏུ་མ་བཟུང་བའི་ཉ་རིགས་སྲུང་སྐྱོང་བྱ་ཐབས་ཁྱབ་བསྒྲགས་བྱས་ཏེ། ཆབ་མདོ་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་དང་མཉམ་དུ་ཉ་རྒྱ་སྡོམ་དགོས་པའི་བརྡ་ཐོ་སྔ་རྗེས་སུ་བཀྲམ་ནས་ཉ་ལས་ཐོན་ཁུངས་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་ཅིང་། ན་ནིང་ལོ་འགོར་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ཆུ་ཐོན་སྐྱེ་དངོས་སྐྱེ་འཕེལ་གློད་གསོ་དང་དམངས་ཁྲོད་ཀྱི་ཚེ་ཐར་བྱེད་སྒོ་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་བཀྲམ་སྟེ་སྐྱེ་འཕེལ་གློད་གསོའི་བྱེད་སྒོ་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་ཡོད། དེ་དང་ཆབས་ཅིག་2018ལོ་ཚུན་དུ་རང་ལྗོངས་ཀྱིས་ཉ་ལས་ཀྱི་ཁྲིམས་སྒྱུར་ནན་པོའི་མུ་འབྲེལ་ཆེད་དོན་ཁྲིམས་སྒྱུར་བྱ་སྤྱོད་མུ་མཐུད་སྤེལ་ཏེ་ཁྱོན་བསྡོམས་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་54ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། གྱོད་འབྲེལ་མི་83ལ་ཞིབ་བཤེར་རྩད་གཅོད་བྱས་པ། སྒྲིག་འགལ་གྱི་ཉ་འཛིན་ཆས་79གཞུང་བཞེས་བཏང་བ། ཁྲིམས་འགལ་ངང་བཟུང་བའི་ཉ་རིགས་ཏུན་10.79ཞིབ་བཤེར་རྩད་གཅོད་ཐུབ་ཡོད། ཉེ་དུས་རང་ལྗོངས་ཀྱིས་ད་དུང་འབྲེལ་ཡོད་ཀྱི་དོ་དམ་བྱ་ཐབས་བཏོན་ནས་ཆུ་ཐོན་སྐྱེ་དངོས་ཚེ་ཐར་གཏོང་བའི་བྱེད་སྒོ་ཚན་རིག་དང་མཐུན་པའི་ངང་ཚད་ལྡན་དུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།