དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཀླུ་ནང་ཁྲིམས་འཛིན་སུའོ་ཡིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ལ་འདུམ་འགྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-05

    ཀླུ་ནང་ཁྲིམས་འཛིན་སུའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“དུས་གསར་པའི‘ཧྥུང་ཆའོ་ཡི་ཉམས་མྱོང’མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་ཞུ་གཏུག་རྒྱག་མི་དགོས་པའི་ཐག་གཅོད་ལམ་སྲོལ་སྔོན་ལ་འཇོག་པའི”ལས་དོན་གྱི་བླང་བྱར་ཐོག་མཐའ་བར་གསུམ་དུ་དམིགས་ཏེ། ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དེ་ལས་དོན་ཐག་གཅོད་བྱེད་པའི་དམིགས་ཚད་ཨང་དང་པོར་བརྩིས་ཡོད། ཉེ་ཆར། འདུམ་འགྲིག་ཁང་གིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་རྩོད་གཞི་ཞིག་བདེ་བླག་ངང་འདུམ་འགྲིག་བྱས་པས་འགལ་བ་དུས་ཐོག་ཏུ་སེལ་ཐུབ་པ་བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀུང་སི་ཞིག་གིས་གན་རྒྱའི་ཁ་ཆད་ཀྱི་དུས་བཀག་ལྟར་ཞིང་པ་ལས་མིའི་གླ་ཆ་མ་སྤྲད་སྟབས་ཞིང་པ་ལས་མི་5དང་འབྲེལ་བ་ཡོད་པའི་དངུལ་སྒོར་ཁྲི་18.4ཟིན་ཡོད། དོ་བདག་གིས་ཀུང་སི་དེར་འདེད་ལེན་ཡང་ཡང་བྱས་ཀྱང་ཕན་འབྲས་མ་ཐོན་པས་ད་ཆ་འདུམ་འགྲིག་རྩ་འཛུགས་ལ་ཐག་གཅོད་བྱ་རྒྱུའི་རེ་བ་ཞུས་ཤིང་། ཁྲིམས་འཛིན་སུའོ་ཡི་འདུམ་འགྲིག་ལས་དོན་པས་འདུམ་འགྲིག་བྱེད་པའི་བརྒྱུད་རིམ་ནང་ཕྱོགས་གཉིས་པོའི་དོ་བདག་ལ་བཅའ་ཁྲིམས་ཤོད་པ་དང་། གནས་ལུགས་ཤོད་པ། བསམ་བློའི་སློབ་གསོ་རྒྱག་པ་བཅས་བྱས་ནས་ངོ་ཐུག་གདོང་འཕྲད་ཀྱིས་འདུམ་འགྲིག་བྱས་པས། དོན་དག་ཇི་ཙམ་བཤད་པ་དེ་ཙམ་གྱིས་གནས་ཚུལ་གསལ་པོ་ཡོང་བ་དང་གནས་ལུགས་ཇི་ཙམ་བཤད་པ་དེ་ཙམ་གྱིས་གསལ་པོ་ཤེས་ནས་མཐར་ལས་དོན་པའི་འབད་བརྩོན་འོག་ཕྱོགས་གཉིས་པོའི་དབར་མོས་མཐུན་གཅིག་གྱུར་བྱུང་བ་དང་འདུམ་འགྲིག་གི་གྲོས་མཐུན་ལ་མིང་རྟགས་བཀོད་པ་ལས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་རྩོད་གཞི་བདེ་བླག་ངང་ཐག་གཅོད་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།