དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སེམས་ཤུགས་བསྐྱེད་དེ་སྤྱོད་ཚུལ་ལེགས་སུ་བཏང་། མང་ཚོགས་སེམས་ལ་ཉར་ནས་དུས་བདེ་བསྲུངས།

    ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་བཅོས་སྐྱོང་དོ་དམ་ཉིང་ལག་རུ་ཁག་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-05

    འདི་ནི་ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་བཅོས་སྐྱོང་དོ་དམ་ཉིང་ལག་རུ་ཁག་གིས་ཉེན་རྟོག་ལས་དོན་ལྟ་ཞིབ་ཉིང་ལག་རུ་ཁག་དང་མཉམ་དུ། ཉེན་རྟོག་པའི་ལས་གོས་དང་དེ་འབྲེལ་ཐོན་རྫས་ཁྲིམས་ལས་འགལ་ནས་འདྲ་བཟོ་དང་བྲིན་ཚོང་བྱེད་མཁན་ཁེ་ལས་ལ་གྲལ་བཤེར་དང་བཅོས་སྒྲིག་བྱས་ཏེ། ཉེན་རྟོག་པའི་སྒྲིག་ཆས་དང་དེ་འབྲེལ་འདྲ་བཟོ་བྱས་པའི་ཐོན་རྫས་གཞུང་བཞེས་གཏོང་བཞིན་པ།

    འདི་ནི་ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་བཅོས་སྐྱོང་དོ་དམ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས“ཁུ་ནུ”དང་། “གློག་གསུམ་སྒྲིག་བཀོད་སྲུང་སྐྱོང” “སྣུམ་རླངས་མདོང་ལམ་སྲུང་སྐྱོང”སོགས་ཀྱི་ཆེད་དོན་དྲིལ་བསྒྲགས་བྱེད་བཞིན་པ།


    རང་སྐྱོང་ལྗོངས་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཚུན་དུ། ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་བཅོས་སྐྱོང་དོ་དམ་ཉིང་ལག་རུ་ཁག་གིས་སྡེ་ཚན་དུ་ལྷག་པའི“འཇོན་ཐང་མེད་པ། སྒྱིད་ལུག་པ། ཁ་ཐོར་བ། ཟིང་ཆེ་བ”སོཌ་ཀྱི་གནད་དོན་མངོན་གསལ་དོད་རིཌ་ལ་དག་ཐེར་ཧུར་ཐག་བྱས་ནས། དཔུང་ཁག་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་སྦྲགས། ལས་བྱེད་ཉེན་རྟོག་ཡོངས་ལ་སྔོན་གཏོད་ལེགས་བརྩོན་དང་། ལས་སྒྲུབ་ལས་གཏོད། འབད་འབུངས་སྐྱེས་འབུལ་བཅས་ཀྱི་བསམ་པའི་ཉམས་འགྱུར་ཐོག་མཐའ་བར་གསུམ་མཐའ་འཁྱོངས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

    ཕན་འབྲས།

    ▲2022ལོར་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དབྱར་དུས་ཀྱི་བདེ་འཇགས་བཅོས་སྐྱོང་གི་རྡུང་རྡེག་བཅོས་སྒྲིག“ཉིན་བརྒྱའི་བྱ་སྤྱོད”ལ་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་དང་པོ་ཐོབ་པ་དང་།

    ▲2022ལོར་བོད་རང་སྐྱོང་ལྗོངས་ཀྱི་བྱེད་སྒོ་གལ་ཆེན་གྱི་སྔོན་ཐོན་མཉམ་སྡེབ་ལ་བདམས་པ།

    ▲ལོ་བཞི་བསྟུད་མར་ལྗོངས་ཡོངས་ཀྱི་བདེ་འཇགས་བཅོས་སྐྱོང་ཁོངས་གཏོགས་ཀྱི་ལས་ཆོད་དཔྱད་ཞིབ་ཨང་དང་པོ་ཐོབ་པ་སོགས།

    གཟི་བརྗིད་མཚན་སྙན་དེ་དག་ནི་ཏང་གཤིས་བརྟན་པོ་དང་། སྤྱོད་ཚུལ་ལེགས་པོ། ཐོག་མའི་བསམ་འདུན་མ་བརྗེད་པར་སྲུང་བ། འགན་འཁྲི་འཁུར་བ་བཅས་ལས་ཐོབ་པ་ཞིག་རེད།

    ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་དུས་བདེ་བསྲུངས་པ།

    སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་དོན་སྤེལ་ཚུན་དུ། བདེ་འཇགས་བཅོས་སྐྱོང་དོ་དམ་ཉིང་ལག་རུ་ཁག་གིས་ལས་དོན་གྱི་དོན་དངོས་ལ་དམ་པོར་དམིགས་ནས། འཇོན་ཐང་དང་སྤྱོད་ཚུལ་འཛུཌ་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་འཇོན་ཐང་དང་། ཆེད་ལས་ཀྱི་ནུས་པ། སྒྱུར་བཅོས་གསར་གཏོད་ཀྱི་ནུས་པ་སོགས་རྒྱུན་མཐུད་ཆེ་རུ་བཏང་ནས། ནག་ཆུའི་སྤྱི་བདེས་ཉེན་ཁ་འགོག་ཟོན་དང་། བརྟན་ལྷིང་སྲུང་སྐྱོང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་པའི་འགྱུར་ལྡོག་གསར་པ་དང་རྣམ་པ་གསར་པ་མངོན་པར་བྱས་པ་རེད།

    “ཆ་རྐྱེན་ཅུང་ཞན་པའི་ཁུལ་དུ་ལས་ཀ་བྱེད་ཀྱི་ཡོད་ཀྱང་། ཉིང་ལག་རུ་ཁག་དེའི་རུ་མི་ཚང་མའི་ལས་ཀའི་སྤྱོད་ཚུལ་ལ་ལྷོད་གཡེང་སྤུ་ཙམ་ཡང་ཤོར་མེད། མ་གཞི་ཁོ་ཚོ་ལོ་ན་ཆུང་ཆུང་ཡིན་མོད། འོན་ཀྱང་ལས་ཀ་བྲེལ་འཚུབ་ཆེ་བ་དང་། ངལ་གསོ་དུས་ཐོག་ཏུ་རྒྱག་མི་ཐུབ་པ། ཁོར་ཡུག་དང་གནམ་གཤིས་ཀྱི་ཆ་རྐྱེན་ཞན་པ་སོགས་ཀྱི་དབང་གིས། སྐྲ་དཀར་མང་བ་དང་། སྐྲ་བུད་པ། ཤ་ལྤགས་རྩུབ་པས་བལྟས་ཚོད་ལ་དར་མ་ཞིག་དང་འདྲ་པོ་ཡོད། ཡིན་ན་ཡང་། ཁོ་ཚོར་འཁང་ར་དང་སྡུག་ཡུས་སྤུ་ཙམ་ཡང་མེད་པར་གལ་སྲིད་དམངས་ཀྱི་ཆེད་དུ་དགོས་མཁོ་བྱུང་ཚེ་ཤོར་ཆོག་ཆོག་བྱེད་ཀྱི་ཡོད། ཉེན་རྟོག་པའི་ལས་གོས་གྱོན་པ་ནས་བཟུང་། ཚང་མས་དཀའ་ལས་ནི་རྒྱག་དགོས་ངེས་དང་ཉེན་རྟོག་བྱ་གཞག་ནི་བླ་ན་མེད་པ་ཞིག་ཡིན་པ་བློ་རུ་ངེས་ཡོད”ཅེས་བྱ་སྤྱོད་རུ་ཆེན་གྱི་རུ་དཔོན་དར་རྒྱས་ཚེ་རིང་གིས་བཤད།

    བསམ་བློའི་ཆུ་ཚད་མཐོ་རུ་བཏང་ནས་སྤྱོད་ཚུལ་བསྒྱུར་པ།

    “སློབ་སྦྱོང”གི་རྨང་གཞི་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། བདེ་འཇགས་བཅོས་སྐྱོང་དོ་དམ་ཉིང་ལག་རུ་ཁག་གིས་རང་སྦྱོང་དང་གཅིག་སྡུད་སློབ་སྦྱོང་བརྒྱུད། “ང་སུ་ཡིན་པ་དང་། སུའི་ཆེད་དུ་ཡིན་པ། སུ་ལ་བརྟེན་དགོས་པ”དང“ཅི་ཞིག་བྱེད་པ། ཇི་ལྟར་བྱེད་པ”སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་དང་ལས་བྱེད་ཉེན་རྟོག་ཡོངས་ཀྱི་ལས་ཀའི་སྤྲོ་སེམས་སྔར་བས་འཕེལ་བར་བྱས་པ་རེད། བསྡོམས་རྩིས་ལ་གཞིཌ་ན། ཉིང་ལག་རུ་ཁག་གིས་སྔ་རྗེས་སུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ཐེངས་30ལྷག་དང་ཏང་སྲོལ་སྲིད་གཙང་གི་སློབ་གསོ་ཐེངས་20ལྷག་ཙམ་བྱས་པ་མ་ཟད། ད་དུང་འབྲེལ་ཡོད་ཁས་ལེན་ཡི་གེ་70ལྷག་ཙམ་བྲིས་པ་དང། ནག་ཆུ་གྲོང་ཁྱེར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཉི་ཤུ་པའི་འཐུས་མི་དང་། གྲོང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ། གྲོང་ཁྱེར་སྒྲིག་ཨུད་ཀྱི་འགན་འཁུར་བློ་མཐུན་སོཌ་གདན་དྲངས་ནས་ཉིང་ལག་རུ་ཁག་གི་ལས་བྱེད་ཉེན་རྟོག་པ་ཡོངས་ལ་སློབ་ཚན་ཐེངས་6ཁྲིད་པ་རེད།

    སྤྱི་བདེའི་ལས་བྱེད་ཉེན་རྟོག་གི་གཟུགས་བརྙན་ཡག་པོ་བཏོད་དེ་མང་ཚོགས་བློ་ཡིད་ཚིམ་ཚད་མཐོ་རུ་ཏན་ཏིག་གཏོང་ཆེད། བདེ་འཇགས་བཅོས་སྐྱོང་དོ་དམ་ཉིང་ལག་རུ་ཁག་གི་ཏང་ཀྲི་པུས“ཉེན་རྟོག་པ་བརྒྱ་ཕྲག་དུད་ཚང་སྟོང་ཕྲག་ལ་སྐྱོད་པ”དང“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”སོགས་ཀྱི་བྱེད་སྒོ་སྤེལ་ཏེ། བསྙེན་བཀུར་ཞབས་ཞུ་ལྟེ་གནས་དང་། དམིགས་བསལ་སློབ་གསོའི་སློབ་གྲྭ གྲོང་ལྷན་སོགས་སུ་བསྐྱོད་དེ“གཞོན་ནུའི་སེམས་པ་ཏང་ལ་ཕྱོཌ” “གཅེས་སེམས་མཚོན་པ” “རྒན་བཀུར་གཞོན་གཅེས”སོགས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས་འཚམས་འདྲིའི་དངུལ་དང་དངོས་པོ་སྤྲད་པ་མ་ཟད། ཁོ་ཚོའི་གཟུགས་པོའི་གནས་ཚུལ་དང་། འཚོ་བའི་གནས་ཚུལ། དཀའ་ངལ་སོགས་རྒྱུས་ལོན་བྱས་པ་དང་ཆབས་ཅིག བདེ་འཇགས་བཅོས་སྐྱོང་ལས་དོན་ལ་བསམ་འཆར་དང་གྲོས་འགོ་ཉན་པ་དང་། ཁོ་ཚོར་བདེ་འཇགས་སྐོར་གྱི་ཤེས་བྱ་དང་དེ་འབྲེལ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་དང་། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱས་ནས། ཉེན་རྟོག་པ་དང་མང་ཚོགས་དབར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་རེད།

    ཉེན་རྟོག་པ་དང་མང་ཚོགས་དབར་གྱི“སེམས་སྦྲེལ་ཟམ་པ”བཙུགས་པ།

    “མི་དམངས་མང་ཚོགས་བློ་ཡིད་ཚིམ་ཚད་དེ་ང་ཚོའི་ལས་ཀའི་ཚད་གཞི་ཨང་དང་པོར་བརྩིས་ནས་ལས་ཀའི་སྤྱོད་ཚུལ་དང་ལས་ཀ་བྱེད་སྟངས་ལེགས་སུ་བཏང་སྟེ་མང་ཚོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས། དོ་དམ་ཁྲོད་དམངས་འཚོར་ཞབས་འདེཌ་ཞུ་བ་དང་ཞབས་ཞུའི་ཁྲོད་གཟུགས་བརྙན་བཟང་པོ་གཏོད་དགོས”ཞེས་ཝང་ཞང་གིས་བཤད་པ་དང་། ཁོང་གིས་བདེ་འཇགས་བཅོས་སྐྱོང་དོ་དམ་ཉིང་ལག་རུ་ཁག་གིས་སྔ་ཕྱི་བར་གསུམ་དུ་དམངས་འཚོར་དམིགས་ཏེ་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། “དོན་དག་ཆུང་ཙམ་སྒྲུབ་པ་དང་། སེམས་ཁྲལ་ཆུང་ངུ་སེལ་བ། རོགས་པ་ཆུང་ངུ་བྱེད་པ། ཕན་པ་ཆུང་ངུ་འདོགས་པ”བཅས་ལ་དམིགས་པ། ལྷག་བསམ་ཟོལ་མེད་ངང་དམངས་ལ་ཞབས་འདེགས་ཞུ་བ་དང་། དམངས་ལ་གཅེས་པའི་བརྩེ་སེམས་ཟབ་ཏུ་གཏོང་བ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་དུས་ཐོག་ཏུ་ཐག་གཅོད་བྱེད་པ། བྱ་བ་ཆུང་ཙག་ནས་མི་ཡུལ་གྱི་བརྩེ་སེམས་ཆེན་པོ་མངོན་པར་བྱེད་པ། བྱ་སྤྱོད་ངོ་མ་ནས“མི་དམངས་སྤྱི་བདེས་མི་དམངས་ལ་ཞབས་འདེགས་ཞུ་བའི”དམ་བཅའ་བརྟན་པོ་ལག་ལེན་བསྟར་ནས་མི་དམངས་མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་གི་ཡོད་ཅེས་བརྗོད།

    ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇཌ་བཅོས་སྐྱོང་དོ་དམ་ཉིང་ལག་རུ་ཁག་ནི་ནག་ཆུའི་སྤྱི་བདེའི་ཧྲག་དམག་གི་བསྡུས་རིས་ཤིག་དང་བྱང་ཐང་གི་དུས་བདེ་སྲུང་བའི་དཔུང་ཁག་གལ་ཆེན་ཞིག་རེད། མེ་མདའ་གཞུང་བཞེས་དང་འབར་གས་བཅོས་སྒྲིག་དང་། ཁྲོམ་གཞུང་སྐོར་གཡེང་། མི་འབོར་དོ་དམ། སློབ་གྲྭའི་བདེ་འཇཌ་སྲུང་སྐྱོང། མང་ཚོཌ་ལ་ཞབས་འདེགས་ཞུ་བ་སོགས་གང་དུ་དགོས་མཁོ་ཡོད་ཚེ། དེ་གར་བདེ་འཇགས་བཅོས་སྐྱོང་ཉེན་རྟོག་པའི་གཟུགས་བརྙན་མཐོང་རྒྱུ་ཡོད།

    ཁོ་ཚོས་ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པའི་དཔུང་ཁག་འཛུགས་སྐྱོང་དང་ཉེན་རྟོག་པ་ནན་པོས་བསྐྱོངས་ཏེ། ཉིན་ཐོག་ཉིན་བརྩེགས་ཀྱིས་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་དང་བྱང་ཐང་མི་སེར་གྱི་བདེ་སྐྱིད་སྲུང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།