དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷོ་རོང་རྫོང་མི་དམངས་ཁྲིམས་ཁང་གིས་བཟའ་ཚང་ཁ་བྲལ་གྱི་གྱོད་གཞི་ཞིག་འདུམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-05

    ཟླ་8ཚེས་9ཉིན་ལྷོ་རོང་རྫོང་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་སྔ་མ་ནོར་ཆེ་གེ་མོ(སྐྱེས་པ)དང་ཞུ་སྦྱོར་ཕྱི་མ་དངོས་ཆེ་གེ་མོའི(བུད་མེད)དབར་བཟའ་ཚང་ཁ་བྲལ་གྱི་གྱོད་གཞི་ཞིག་བདག་སྤྲོད་བྱས་པ་རེད། ཤེས་རྟོགས་བྱས་པ་བརྒྱུད་ཞུ་སྦྱོར་སྔ་མ་ནོར་ཆེ་གེ་མོ་དང་ཞུ་སྦྱོར་ཕྱི་མ་དངོས་ཆེ་གེ་མོ་ནི་གཞན་གྱི་ངོ་སྤྲོད་བརྒྱུད་དགའ་རོགས་སྒྲིག་པ་ཞིག་ཡིན་པ་དང་། 2020ལོར་གཉེན་སྒྲིག་ཐོ་འགོད་བྱས། གཉེན་སྒྲིག་བྱས་རྗེས་ཁྱོ་ཤུག་གཉིས་པོ་གཤིས་ཀ་མཐུན་པོ་མེད་པས་རྟག་ཏུ་ཁྱིམ་ཚང་གི་བྱ་བ་ཆུང་ཙག་ལ་ཁ་རྩོད་ཤོར་གྱི་ཡོད། ལྷག་པར་དུ་ཉེ་དུས་ཁོ་གཉིས་ཁ་རྩོད་ཤུགས་ཆེ་རུ་ཕྱིན་ཏེ་མུ་མཐུད་མཉམ་དུ་འཚོ་བ་སྐྱེལ་ཐབས་བྲལ་ཡོད།

    དབྱེ་ཞིབ་དང་ཞིབ་འཇུག་དང་བརྡར་ཤ་གཏིང་ཟབ་བཅད་པ་བརྒྱུད། གྱོད་གཞི་དེར་མངོན་མེད་ཀྱི་ཉེན་ཁ་གནས་ཡོད་པས། དུས་ཐོག་ཏུ་སེལ་མ་ཐུབ་ན་མཇུག་འབྲས་ཚབས་ཆེན་ཐོན་བཟོ་ཡོད་པར་བརྟེན་ལྷོ་རོང་རྫོང་མི་དམངས་ཁྲིམས་ཁང་གིས་དེ་ཉིན་འཕྲལ་དུ་དོ་བདག་ཕྱོགས་གཉིས་བསྐོངས་ནས་འདུམ་འགྲིག་བྱས། སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱིས་ཁ་བརྡ་གློད་པའི་ཐབས་ལ་བརྟེན་ཏེ་ཕྱོགས་མང་པོ་ནས་དོ་བདག་གཉིས་པོར་ཁ་རྩོད་མི་རྒྱག་པར་ཕན་ཚུན་བསམ་ཤེས་མང་ཙམ་བྱས་ཏེ་འཚོ་བ་གསར་པ་སྐྱེལ་དགོས་ལུགས་ཁ་ཏ་བསླབ་བྱ་བྱས་ཀྱང་ཕྱོགས་གཉིས་པོས་མུ་མཐུད་མཉམ་དུ་འཚོ་བ་སྐྱེལ་འདོད་གཏན་ནས་བྱེད་ཀྱི་མེད་པས་བཟའ་ཚང་ཁ་བྲལ་གྱི་འདུམ་འགྲིག་བྱས་པ་རེད།

    ངང་རྒྱུད་རིང་པོས་བཅའ་ཁྲིམས་དང་གནས་ལུགས་གསལ་འགྲེལ་བྱས་པ་བརྒྱུད། ཕྱོགས་གཉིས་པོས་བཟའ་ཚང་ཁ་བྲལ་གྱི་གྲོས་མཐུན་རང་མོས་ངང་བཞག་པ་དང་། ཞུ་སྦྱོར་སྔ་མ་ནོར་ཆེ་གེ་མོས་ཞུ་སྦྱོར་ཕྱི་མ་དངོས་ཆེ་གེ་མོར་སྒོར་15000སྤྲོད་པའི་ཁ་ཆད་བྱུང་བ་དང་བསྟུན་ནས་གྱོད་གཞི་འདི་ཐག་གཅོད་ནུས་ལྡན་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།