དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མྱུར་བགྲོད་གཞུང་ལམ་ཞིབ་བཤེར་ས་ཚིགས་ནས་ཉིན་གཅིག་ལ་ལག་ཁྱེར་མེད་པར་རླངས་འཁོར་གཏོང་མཁན་གཉིས་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-05

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་མྱུར་བགྲོད་གཞུང་ལམ་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ(ལས་རོགས་ཉེན་རྟོག་པ)ཡོངས་ཀྱིས“ངེས་པར་དུ་ཞིབ་བཤེར་བྱེད་དགོས་པ་བཞི”ཡི་ལས་ཀའི་བླང་བྱ་ལྟར། ཞིབ་བཤེར་དང་ཚོད་འཛིན་གྱི་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རླངས་འཁོར་དང་མི་སྣར་ཞིབ་བཤེར་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་དོགས་གཞི་ཡོད་རིགས་ཚང་མར་ནན་བཤེར་བྱེད་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཉིན་ཤས་གོང་ཉིན་གཅིག་ལ་ཁྲིམས་འགལ་བྱེད་སྤྱོད་2རྩད་བཅད་དེ་ལྷོ་ཁ་གྲོང་ཁུལ་གྱི་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་ཡོད།

    ཆུ་ཚོད་17ཡོལ་ཙམ་ལ་མྱུར་བགྲོད་གཞུང་ལམ་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་ནས་སྣེ་གདོང་ཆུས་སུ་སྐྱོད་མཁན་ལྷ་སའི་འཁོར་རྟགས་བསྒར་བའི་ནུས་རྒྱུ་གསར་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་གཅིག་ལ་འཆར་ཅན་གྱི་ཞིབ་བཤེར་བྱེད་སྐབས། ཧྥན་ཆེ་གེ་མོར་ཁ་ལོ་བའི་ལག་ཁྱེར་མེད་པར་རླངས་འཁོར་བཏང་བའི་དོགས་གཞི་ཡོད་པ་རྩད་ཆོད་ཡོད།

    ཆུ་ཚོད་22ཡོལ་ཙམ་ལ་མྱུར་བགྲོད་གཞུང་ལམ་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་ནས་སྣེ་གདོང་ཆུས་སུ་སྐྱོད་མཁན་ཁྲུང་ཆིང་གི་འཁོར་རྟགས་བསྒར་བའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་གཅིག་ལ་འཆར་ཅན་གྱི་ཞིབ་བཤེར་བྱེད་སྐབས། ལེང་ཆེ་གེ་མོར་ལག་ཁྱེར་མེད་པར་རླངས་འཁོར་བཏང་བའི་དོགས་གཞི་ཡོད་པ་རྩད་ཆོད་ཡོད།

    མིག་སྔར་ཁྲིམས་འགལ་བྱེད་སྤྱོད་དེ་གཉིས་ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལ་ཐག་གཅོད་མཐའ་གསལ་བྱེད་རྒྱུར་རྩིས་སྤྲད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།