དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྣེ་གདོང་སྤྱི་བདེ་ཞིབ་བཤེར་ས་ཚིགས་ནས་བྲོས་བྱོལ་མི་སྣ་2རྩད་ཆོད་པ་དང་མི་1གནས་སྐབས་ཚོད་འཛིན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-05

     ཉེ་ཆར། གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། སྤྱི་བདེ་ཞིབ་བཤེར་ས་ཚིགས་ཁག་གིས་ཐོག་མཐའ་བར་གསུམ་དུ་དོགས་གཞི་ཡོད་རིགས་ཚང་མར་ནན་བཤེར་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་དོགས་གཞི་ཡོད་པའི་མི་དང་། རླངས་འཁོར། ཅ་དངོས་བཅས་ལ་ནན་བཤེར་བྱས་ཡོད།

    ཟླ་6ཚེས་28ཉིན་གྱི་ཆུ་ཚོད་20ཙམ་ལ་མྱུར་བགྲོད་གཞུང་ལམ་ཞིབ་བཤེར་ས་ཚིགས་ཀྱི་ལས་རེས་མི་དམངས་ཉེན་རྟོག་པས་སྣེ་གདོང་ཕྱོགས་སུ་སྐྱོད་མཁན་ལྷོ་ཁའི་འཁོར་རྟགས་བསྒར་བའི་འཇིབ་ཆུང་ཞིག་ལ་འཆར་ཅན་གྱི་ཞིབ་བཤེར་བྱེད་སྐབས་རླངས་འཁོར་དེའི་འགྲུལ་པ་རྒྱལ་ཆེ་གེ་མོ་ནི་སྤྱི་བདེ་པུས་བཀའ་རྒྱ་བཏང་བའི་བྲོས་བྱོལ་མི་སྣ་ཡིན་པ་ཤེས་རྟོགས་བྱུང་ནས་མི་དམངས་ཉེན་རྟོག་པས་འཕྲལ་དུ་ཁོ་པ་ཚོད་འཛིན་བྱས་ཡོད། ཞིབ་དཔྱད་བརྒྱུད་རྒྱལ་ཆེ་གེ་མོར་ཁ་བསླུས་ཀྱི་དོགས་གཞི་ཡོད་པས་ཧྲང་ཧའེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་བྲོས་བྱོལ་པའི་ཁོངས་སུ་བཅུག་ཡོད། མིག་སྔར་ཁོ་པ་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ཐག་གཅོད་མཐའ་གསལ་བྱེད་རྒྱུར་རྩིས་སྤྲད་ཡོད།

    ཟླ་7ཚེས་5ཉིན་གྱི་ཆུ་ཚོད་14ཙམ་ལ་མྱུར་བགྲོད་གཞུང་ལམ་ཞིབ་བཤེར་ས་ཚིགས་ཀྱི་ལས་རེས་མི་དམངས་ཉེན་རྟོག་པས་སྣེ་གདོང་ཕྱོགས་སུ་སྐྱོད་མཁན་ཡུན་ནན་གྱི་འཁོར་རྟགས་བསྒར་བའི་འཇིབ་ཆུང་ཞིག་ལ་འཆར་ཅན་གྱི་ཞིབ་བཤེར་བྱེད་སྐབས་རླངས་འཁོར་དེའི་འགྲུལ་པ་ཁྲེང་ཆེ་གེ་མོ་སྤྱི་བདེ་པུས་བཀའ་རྒྱ་བཏང་བའི་བྲོས་བྱོལ་མི་སྣ་ཡིན་པ་ཤེས་རྟོགས་བྱུང་ནས་མི་དམངས་ཉེན་རྟོག་པས་འཕྲལ་དུ་ཁོ་པ་ཚོད་འཛིན་བྱས་ཡོད། ཞིབ་དཔྱད་བརྒྱུད་ཁྲེང་ཆེ་གེ་མོར་ཁ་བསླུས་ཀྱི་དོགས་གཞི་ཡོད་པས་ནང་སོག་ཝུའུ་ལན་ཧའོ་ཐེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་བྲོས་བྱོལ་པའི་ཁོངས་སུ་བཅུག་ཡོད། མིག་སྔར་ཁོ་པ་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ཐག་གཅོད་མཐའ་གསལ་བྱེད་རྒྱུར་རྩིས་སྤྲད་ཡོད།

    ཟླ་7ཚེས་5ཉིན་གྱི་ཆུ་ཚོད་19ཙམ་ལ་ལྷོ་ཁའི་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱི་ལས་རེས་མི་དམངས་ཉེན་རྟོག་པས་སྣེ་གདོང་ཕྱོགས་སུ་སྐྱོད་མཁན་སི་ཁྲོན་གྱི་འཁོར་རྟགས་བསྒར་བའི་འཇིབ་ཆུང་ཞིག་ལ་འཆར་ཅན་གྱི་ཞིབ་བཤེར་བྱེད་སྐབས་རླངས་འཁོར་དེའི་ཁ་ལོ་བ་ཀྲེང་ཆེ་གེ་མོ་རིམ་པ་གཉིས་པའི་གནས་སྐབས་ཚོད་འཛིན་པ་ཡིན་པ་ཤེས་རྟོགས་བྱུང་ནས་མི་དམངས་ཉེན་རྟོག་པས་འཕྲལ་དུ་ཁོ་པ་ཚོད་འཛིན་བྱས་ཡོད། ཞིབ་དཔྱད་བརྒྱུད་ཀྲེང་ཆེ་གེ་མོ་དཔལ་འབྱོར་གྱི་རྩོད་གཞིའི་རྐྱེན་པས་ནག་ཆུ་གྲོང་ཁྱེར་སོག་རྫོང་མི་དམངས་ཁྲིམས་ཁང་གིས་རིམ་པ་གཉིས་པའི་གནས་སྐབས་ཀྱི་ཚོད་འཛིན་པའི་ཁོང་སུ་བཅུག་ཡོད། མིག་སྔར་ཁོ་པ་སྣེ་གདོང་ཆུས་མི་དམངས་ཁྲིམས་ཁང་ལ་ཐག་གཅོད་མཐའ་གསལ་བྱེད་རྒྱུར་རྩིས་སྤྲད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།