དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྣེ་གདོང་གི་ཉེས་དོན་ཉེན་རྟོག་པས་ས་ཁུལ་དང་གྲོང་ཁྱེར་8ལ་བསྐྱོད་ནས་མང་ཚོགས་ལ་གྱོང་གུན་སྒོར་ཁྲི་10.5མི་ཕོག་པ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-05

     ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས་ས་ཁུལ་དང་གྲོང་ཁྱེར་8ལ་བསྐྱོད་དེ་ནུས་ཤུགས་ཡོད་རྒུས་གློག་འཕྲིན་ཁ་བསླུས་ཀྱི་གྱོད་གཞི་3མྱུལ་ཞིབ་རྩད་གཅོད་བྱས་ནས་མང་ཚོགས་ལ་གྱོང་གུན་སྒོར་ཁྲི་10.5མི་ཕོག་པ་བྱས་པ་རེད།

    ཟླ་2ཚེས་5ཉིན་གྱི་ཆུ་ཚོད་བཅུ་པ་ཙམ་ལ། ཧུའུ་ཆེ་གེ་མོས་རང་ཉིད་ལ་དྲག་ཆས་ཉེན་རྟོག་པ་ཡིན་ཟེར་བའི་མི་ཞིག་གི་ཁ་པར་འབྱོར་ཏེ། འབྲས་དང་ཉ་ཉོ་བར་ཁ་གཡར་ནས་རང་ཉིད་སྐད་འཕྲིན་གཞན་ཞིག་དང་འབྲེལ་བ་བྱེད་དུ་བཅུག་པ་དང་། དེའི་ས་ནས་ཉོས་ཚེ་རིན་གོང་ཁེ་པོ་ཡོད་ལུགས་བརྗོད། ཧུའུ་ཆེ་གེ་མོས་སྐད་འཕྲིན་དེར་སྔ་རྗེས་སུ་མངགས་ཉོ་ཐེངས་བཞི་བྱས་པར་དངུལ་སྒོར་310500མགོ་སྐོར་ཐེབས་པའི་སྙན་སེང་འབྱོར་བ་དང་། ཟླ་3ཚེས་14ཉིན་གྱི་ཆུ་ཚོད་14ཙམ་ལ། བྱམས་ཆེ་གེ་མོས་ཀྱང་རང་ཉིད་ལ་མེ་གསོད་པ་ཡིན་ཟེར་བའི་མི་ཞིག་གི་ཁ་པར་འབྱོར་ནས་དྲོད་ཁང་ཆེན་པོ་དང་ཕྱི་རོལ་སྦྱོང་བརྡར་ལ་མཁོ་བའི་སྒུལ་འཕྲུལ་ཉོ་བར་ཁ་བཏགས་ཏེ་རང་ཉིད་ལ་དམིགས་བཙུགས་ས་ནས་ཉོ་དགོས་པའི་རེ་བ་བཏོན་ཏེ་སྒོར་7000ཁ་བསླུས་ཤོར་བའི་སྙན་སེང་འབྱོར། ཡང་ཟླ་3ཚེས་20ཉིན་གྱི་ཆུ་ཚོད་མཚན་མོའི་12ཙམ་ལ། འཆི་ཆེ་གེ་མོས་རང་ཉིད་ཀྱིས་དྲ་བ་ནས་དངུལ་གཡར་སྐབས་APPཞིག་ཕབ་པ་དང་། དངུལ་བུན་གཡར་བའི་ཐོ་འགོད་བྱེད་རིང་APPཡི་ཞབས་ཞུ་བ་ཡིན་ཟེར་བའི་མི་ཞིག་གི་ཁ་པར་འབྱོར་ཏེ་ཁོང་ཚོའི་རེ་བ་ལྟར་བྱས་ན་ལམ་སེང་དངུལ་གཡར་ཐུབ་ལུགས་བཤད་ཅིང་། དེ་རྗེས་རང་ཉིད་ཀྱིས་ཞབས་ཞུ་བ་དེས་བཤད་པ་བཞིན་བཀོལ་སྤྱོད་བྱས། དངུལ་གཡར་བའི་བརྒྱུད་རིམ་ཁྲོད་ཞབས་ཞུ་བ་དེས་ཆི་ཆེ་གེ་མོས་དངུལ་ཁང་གཱའི་ཨང་གྲངས་འབྲི་ནོར་ཤོར་བས་དངུལ་བཀག་གི་ཡིན་ཞེས་བཤད་པར་ཁྱོན་སྒོར་ཁྲི་48ཁ་བསླུས་ཤོར་བའི་སྙན་སེང་འབྱོར་ཡོད།

    གནས་ཚུལ་སྙན་སེང་འབྱོར་རྗེས། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་པོ་བྱས་ནས། འཕྲལ་མར་ཉེས་དོན་མྱུལ་ཞིབ་རྐང་འཛིན་པ་ལས་གྲུབ་པའི་ཆེད་དོན་གྱོད་གཞི་བརྟག་དཔྱད་ཚོགས་ཆུང་བསྐོངས་ཏེ། མ་དངུལ་འབོར་ཆེན་གྱི་འཁོར་རྒྱུག་དང་བརྙན་ཐུང་དཔྱད་གཞིར་ཞིབ་འཇུག་དང་བརྡར་ཤ་གཏིང་ཟབ་བཅད་པ་གང་ཞིག་ཁུངས་སྣེ་འཚོལ་བ་དང་ཁུངས་སྣེར་བདའ་འདེད་བཏང་ཞིང་། བརྡར་གཅོད་གནད་འཁེལ་དང་མ་དངུལ་འགྲོ་ཕྱོགས་གཏན་འཁེལ་བྱུང་རྗེས། ཆེད་དོན་གྱོད་གཞི་བརྟག་དཔྱད་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་དཀའ་ངལ་ལ་མ་འཛེམ་པར་ཁྲེང་ཏུའུ་དང་། ཀོང་ཨན། ཀོང་ཀྲོའུ། ཧའེ་ཁོའུ། ཁུན་མིང་། ཆུས་ཅིང་སོགས་ས་ཁུལ་དང་གྲོང་ཁྱེར་8ལ་བསྐྱོད་དེ་བརྟག་དཔྱད་དཔང་ལེན་དང་དོགས་ཅན་པ་བཟུང་བས་གྱོང་གུན་ཕོག་པའི་མ་དངུལ་ཚུར་བླངས་ཡོད། ས་གནས་ཀྱི་ཉེན་རྟོག་ཕྱོགས་ཀྱི་གཞོགས་འདེགས་འོག་ཉེས་གསོག་དོགས་ཅན་9(ཁྲིམས་བཞིན་བཙན་ཤེད་བྱ་ཐབས་སྤྱད་པ་མི་3དང་། ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲད་པ་མི་4 ཁ་ཏ་བསླབ་འདོམས་བྱས་པ་མི་2)བཟུང་ཐུབ་ནས་མང་ཚོགས་ལ་གྱོང་གུན་སྒོར་ཁྲི་10.5མི་ཕོག་པ་བྱས་ཡོད།

    མིག་སྔར། གྱོད་གཞི་དེར་མུ་མཐུད་མྱུལ་ཞིབ་ཐག་གཅོད་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།