དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཉིང་ཁྲིའི་དྲ་རྒྱའི་བདེ་འཇགས་བཅོས་སྐྱོང་མི་དམངས་ཉེན་རྟོག་པས་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་དངུལ་ཚུར་ལེན་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-05

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་བཅོས་སྐྱོང་རུ་ཆེན་གྱིས་མང་ཚོགས་ལ་རོགས་རམ་བྱས་ཏེ། ཕྲུ་གུས་རོལ་རྩེད་རྩེ་སྐབས་བཏང་བའི་དངུལ་སྒོར་ཁྲི་12.4ལྷག་ཙམ(ཁྱོན་སྒོར་ཁྲི་17.4ལྷག་ཙམ་བཏང་བ)ཚུར་བླངས་ནས་མང་ཚོགས་ཀྱི་དངུལ་ཁུག་ཏན་ཏིག་བསྲུངས་ཡོད།

    ཟླ་6ཚེས་6ཉིན་ཕུར་ཆེ་གེ་མོས་བྲག་ཡིབ་ཆུས་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་བཅོས་སྐྱོང་རུ་ཆེན་དུ་ཡོང་ནས་རང་ཉིད་ཀྱི་ཕྲུ་གུས་རོལ་རྩེད་རྩེ་སྐབས་སྒོར་ཁྲི་17.4ལྷག་ཙམ་བཏང་འདུག་པས་མི་དམངས་ཉེན་རྟོག་པས་ཚུར་ལེན་རོགས་ཞེས་རེ་ཞུ་བྱས་པ་རེད།

    ཕུར་ཆེ་གེ་མོ་དངངས་འཚབ་ཆེན་པོ་ལངས་པ་མཐོང་སྐབས། མི་དམངས་ཉེན་རྟོག་པས་ངང་རྒྱུད་རིང་པོས་སེམས་གསོ་གཏོང་བཞིན་གནས་ཚུལ་ཞིབ་ཕྲ་དྲིས་རྗེས། མི་དམངས་ཉེན་རྟོག་པས་ཁ་བསླུས་ཐེབས་བཟོ་མེད་པ་ཤེས་རྟོགས་ཐུབ་ནས་འཕྲལ་མར་འབྲེལ་ཡོད་རོལ་རྩེད་ལས་སྟེགས་དང་འབྲེལ་གཏུག་བྱས་ཏེ། ངང་རྒྱུད་རིང་པོས་གནས་ཚུལ་གསལ་བཤད་བརྒྱབ་པ་དང་ནན་ཏན་ངང་འབྲེལ་ཡོད་དཔང་རྟགས་འཚོལ་བསྡུ་བྱས་ནས། ལས་སྟེགས་ཀྱིས་བཏོན་པའི་དངུལ་ཕྱིར་སློག་འགྲོ་ལུགས་ཀྱི་བླང་བྱ་ལྟར་དཔྱད་གཞིའི་ཡིག་རིགས་ཁག་མཁོ་འདོན་བྱས་པ་རེད། མིག་སྔའི་བར། མི་དམངས་ཉེན་རྟོག་པས་འབད་བརྩོན་བྱས་པ་བརྒྱུད། རོལ་རྩེད་གཞུང་ཕྱོགས་ལས་སྟེགས་ནས་དངུལ་ཐེངས་བརྒྱ་ལྷག་ཙམ་ཕྱིར་སློག་བྱས་པར་ཁྱོན་དངུལ་སྒོར་ཁྲི་12.4ལྷག་ཙམ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།