དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ས་དགའི་སྤྱི་བདེས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ལྔ་བསྟུད་མར་རྩད་ཆོད་ནས་ཁ་བསླུས་ཤོར་བའི་དངུལ་སྒོར་ཁྲི་13ལྷག་ཙམ་ཚུར་བླངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-05

    ཉེ་ཆར། ས་དགའ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་5རྩད་ཆོད་ནས་ཉེས་གསོག་དོགས་ཅན་13བཟུང་བ་དང་གནོད་འཚེ་ཕོག་མཁན་ལ་དཔལ་འབྱོར་གྱི་གྱོང་གུན་སྒོར་131710མི་ཕོག་པ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོའི་ཟླ་11ཚུན་དུ་ས་དགའ་རྫོང་གི་ཁོངས་གཏོགས་ཁུལ་དུ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ལྔ་བསྟུད་མར་ཐོན་ནས་མི་དམངས་མང་ཚོགས་ལ་དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་བཟོས་ཡོད། དེར་བརྟེན་ས་དགའ་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་གྱོད་གཞིའི་མྱུལ་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ཏེ་ལས་དོན་བཀོད་སྒྲིག་བྱས་པ་རེད།

    འདི་ལོའི་ཟླ་6ཚེས་8ཉིན་ནས་བཟུང་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་མི་དམངས་ཉེན་རྟོག་པས་སྔ་རྗེས་སུ་ཀོང་ཏུང་དང་། ཀྲེ་ཅང་། ཨན་ཧུའེ། ཧྲན་ཏུང་། ཧོ་པེ། ཧོ་ནན། ཧྲའན་ཤིས་སོགས་སུ་དཔང་རྟགས་ལེན་པར་བསྐྱོད་པ་དང་། འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་པར་བརྟེན“11.7”ཁ་བསླུས་གྱོད་གཞི་དང་། “12.13”ཁ་བསླུས་གྱོད་གཞི། “1.1”དྲ་ཐོག་དངུལ་བུན་གྱི་ཁ་བསླུས་གྱོད་གཞི། “4.14”ཁ་བསླུས་གྱོད་གཞི། “5.16”ཁ་བསླུས་གྱོད་གཞི་བཅས་རྩད་ཆོད་པ་དང་། ཁ་བསླུས་ཤོར་བའི་དངུལ་སྒོར་131710ཚུར་བླངས་པ། ཉེས་གསོག་དོགས་ཅན་13བཟུང་བ། གཱ་ལྔ་ཉར་བ། གྱོད་འབྲེལ་མ་དངུལ་སྒོར་84000བསྡམས་བཅད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།