དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གལ་སྲིད་མེ་འཁོར་སྤ་སེ་བར་འཚོང་བརྒྱབ་པ་ཤེས་ཚེ་ལམ་སེང་ཐེར་འདོན་ཁ་པར་རྒྱག་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-05

    འདི་ནི་ཉེན་རྟོག་པས་དྲིལ་བསྒྲགས་ལས་དོན་སྤེལ་བཞིན་པ།

    ཉེ་དུས་གསར་འགོད་པར་ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ནས་ཤེས་རྟོགས་བྱུང་བར། སློབ་འགོ་ཚུགས་པའི་དུས་ཚིགས་ཤར་བ་དང་སྦྲགས། མཚོ་བོད་ལྕགས་ལམ་ལྷ་ས་བབས་ཚུགས་སུ་འགྲུལ་པ་འཚང་ཁ་ཆེ་བའི་དུས་ཡིན། ལྕགས་ལམ་བདེ་འཇགས་ཀྱི་སྒྲིག་ལམ་བསྲུངས་ནས་རྒྱ་ཆེའི་ཡུལ་སྐོར་བ་དང་འགྲུལ་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱ་ཆེད། ལྷ་ས་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་དང་མཉམ་དུ་དབྱར་དུས་ཀྱི་མཚན་མོའི་བདེ་འཇགས་སྐོར་ཞིབ་དང་དྲིལ་བསྒྲགས་དང་འགོག་སྲུང་གཅིག་སྡུད་ཀྱི་གཅིག་གྱུར་བྱ་སྤྱོད་སྤེལ་ནས། སྤ་སེ་བར་འཚོང་དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་སོགས་ཀྱི་རིགས་ཁག་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ་རེད།

    ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའི་འབྲེལ་ཡོད་འགན་འཁུར་བས། ཁྲིམས་འགལ་བས་རིན་གོང་མཐོ་པོས་སྤ་སེ་བར་འཚོང་བརྒྱབ་ནས་རྒྱ་ཆེའི་ཡུལ་སྐོར་བ་དང་འགྲུལ་པའི་ཁེ་དབང་ལ་གནོད་འཚེ་བཟོས་པར་སྔོན་འགོག་བྱ་ཆེད། ལྷ་ས་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་ཆེད་དོན་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་དྲ་རྒྱ་དང་། ས་ཚིགས་ཁུལ་གལ་ཆེན། སྤ་སེ་ཚབ་འཚོང་ས་ཚིགས་བཅས་སུ་གཅིག་སྡུད་རྔུང་རྡེག་དང་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས། ཡུལ་སྐོར་བ་དང་འགྲུལ་པའི་སྤ་སེ་ཉོ་བའི་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་བཏང་བ་རེད། ལྷ་ས་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས“དྲ་ཐོག་དང་དྲ་ཕྱིའི”ཕྱོགས་ཡོངས་ཀྱི་ལས་དོན་ལ་དམིགས་ནས། དྲ་ཐོག་ནས་དྲ་བའི་ཉེན་རྟོག་པ་དང་ཞིབ་གཅོད་ལྟེ་གནས་སོགས་སྡེ་ཚན་གྱིས་གྲངས་གཞི་དབྱེ་ཞིབ་དང་ཞིབ་བསྡུར་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་། སྤ་སེ་ཉོ་མང་བ་དང་བར་མཚམས་ཐུང་བ་སོགས་ཀྱི་ཚུལ་མིན་བྱེད་སྤྱོད་ལ་ཞིབ་བཤེར་བྱས་ནས། དྲ་རྒྱའི་སྤ་སེ་བར་འཚོང་གི་ཁུངས་སྣེ་གྲལ་བཤེར་བྱས་པ་དང་། དྲ་ཕྱི་ནས་ཡོངས་བསྒྲགས་བཅོས་སྒྲིག་དང་སྐྱ་ཆས་གྱོན་ནས་རྡུང་རྡེག་གཏོང་བ་ཟུང་འབྲེལ་བྱས་ནས། ས་ཚིགས་ཁུལ་དང་སྤ་སེ་ཚབ་འཚོང་ས་ཚིགས་ལ་རྡུང་རྡེག་དང་འགོག་སྲུང་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། སྤ་སེ་འཚོང་ས་དང་། འཛུལ་སྒོ ས་ཚིགས་ཁུལ་ཉེ་འགྲམ་གྱི་ཐང་ཆེན། མགྲོན་ཁང་ཆུང་ཆུང་སོགས་གནས་ཚུལ་ཐོན་སླ་བའི་ཁུལ་ཁོངས་སུ། གཙང་སེལ་བཅོས་སྒྲིག་དང་མཉམ་དུ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།