དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རླངས་འཁོར་དཀར་པོ་ཞིག་གཡང་ལ་ལྷུངས་ནའང་མི་5བདེ་བླག་ངང་བསྐྱབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-05

    ཟླ་8ཚེས་8ཉིན་གྱི་ཉིན་དགུང་། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་བསུ་གཞུང་གྲོང་ཚོར(འབྲི་རུ་རྫོང་གྲོང་དང་བར་ཐག་སྤྱི་ལེ་45ཡོད་པའི་སར)རླངས་འཁོར་དཀར་པོ་ཞིག་གཡང་ལ་ལྷུངས་པ་དང་བསུ་གཞུང་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཆུ་ཤུར་བཙོན་ཁང་གི་ལས་དོན་རུ་ཁག་དང་ས་གནས་དེ་གའི་མང་ཚོགས་ཀྱིས་ཛ་དྲག་ངང་རོགས་སྐྱོབ་བྱས་པ་བརྒྱུད་མི་5བདེ་བླག་ངང་བསྐྱབས་ཐུབ་པ་རེད།

    ས་གནས་དེ་གའི་མང་ཚོགས་ཀྱིས་རྒྱལ་ལམ་558ལམ་རྒྱུད་ཀྱི་སྟེང་དགའ་རང་བྱུང་གྲོང་ཚོའི་སར་དཔལ་འབར་རྫོང་གི་ཕྱོགས་སུ་སྐྱོད་པའི་རླངས་འཁོར་དཀར་པོ་ཞིག་གཡང་ནས་གཙང་འགྲམ་དུ་ལྷུངས་པ་མཐོང་བ་དང་བསུ་གཞུང་གྲོང་ཚོར་བཅའ་སྡོད་ལྗོངས་ཁྲིམས་འཛིན་ཐིང་ཆུ་ཤུར་བཙོན་ཁང་གི་ལས་དོན་རུ་ཁག་ལ་དེ་དོན་སྙན་སེང་ཞུས། ལས་དོན་རུ་ཁག་གིས་འཕྲལ་མར་སྐོར་གཡེང་བྱེད་བཞིན་པའི་གྲོང་ཚོའི་དུད་སྦྲེལ་སྤྱི་མི་དང་གྲོང་མི་སྒྲིག་འཛུགས་བྱས་ཏེ་རོགས་སྐྱོབ་བྱས་པ་དང་། གྲོང་སྡོད་ལས་དོན་རུ་ཁག་གི་རླངས་འཁོར་བཏང་ནས་རྨས་མ་5མགྱོགས་མྱུར་འབྲི་རུ་རྫོང་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་དང་སྨན་པ་དང་འབྲེལ་གཏུག་བྱས་རྗེས་རྨས་མ་ལྔ་པོ་དུས་ཐོག་ཏུ་སྨན་བཅོས་ཐུབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།