གསེར་གྱི་དོམ་ཁྲའི་བྱ་དགའ་སྐབས་དང་པོའི་དཔྱད་འདེམས་བྱེད་སྒོ་ཟླ་9པར་ཁྲེང་ཏུའུ་རུ་སྤེལ་གྱི་ཡོད་པ།
ཉེ་དུས། གསེར་གྱི་དོམ་ཁྲའི་བྱ་དགའ་སྐབས་དང་པོའི་གསར་འགྱུར་ཡོངས་བསྒྲཌ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། གསེར་གྱི་དོམ་ཁྲའི་བྱ་དགའ་ནི་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་དང་ལོ་གཉིས་རེར་སྐབས་རེ་འཚོཌ་ཤིང་། སྐབས་དང་པོའི་གསེར་གྱི་དོམ་ཁྲའི་བྱ་དགའི་དཔྱད་འདེམས་བྱེད་སྒོ་2023ལོའི་ཟླ་9ཚེས་19དང་20ཉིན་ཁྲེང་ཏུའུ་རུ་སྤེལ་གྱི་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གསེར་གྱི་དོམ་ཁྲའི་བྱ་དགའ་སྐབས་དང་པོར་གློག་བརྙན་དང་། རྒྱུན་མཐུད་འཁྲབ་ཚན། དངོས་མཚོན་པར་གཞི། འགུལ་རིས་གློག་བརྙན་བཅས་ཚན་པ་ཆེ་གྲས་བཞིའི་བྱ་དགའ་བཀོད་སྒྲིག་བྱས་ཡོད་པ་དང་། གསེར་གྱི་དོམ་ཁྲའི་བྱ་དགའ་གོ་ལ་ཧྲིལ་པོར་ཕྱོཌ་ནས་གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས་བསྡུ་རུབ་དང་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཡོད་པའི་མིང་གྲགས་ཅན་བདམས་ནས་རྒྱལ་སྤྱི་ཅན་དང་ཆེད་ལས་ཅན་གྱི་དཔྱད་འདེམས་ཨུ་ལྷན་བཙུགས་ཏེ། བྱ་དགའ་ཐོབ་པའི་བརྩམས་ཆོས་བདམས་ཐོན་བྱེད་པ་དེ་ལས་བྱ་དགའ་དེའི་རྒྱལ་སྤྱིའི་རང་བཞིན་དང་སྒོ་དབྱེའི་རང་བཞིན་གང་ལེགས་མཚོན་ཡོད།