དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རྒྱལ་ནང་གི་གཤེར་གྱུར་རང་བྱུང་རླངས་མཛོད་ཆེ་ཤོས་བསྐྲུན་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-29

    འདི་ནི་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཆིང་ཏའོ་གཤེར་གྱུར་རང་བྱུང་སོལ་རླངས་གཏོང་འདྲེན་ས་ཚིགས་ཡིན་པ།

    གསར་འགོད་པར་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་རྒྱལ་ནང་གི་སྨི་རྒྱ་དཔངས་གྲུ་བཞི་ཁྲི་27གྱི་གཤེར་གྱུར་རང་བྱུང་རླངས་མཛོད་ཐོག་མ་དེ་ཧྲན་ཏུང་ཆིང་ཏའོ་རུ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་རྗེས་ཧྭ་པེ་ས་ཁུལ་གྱི་རང་བྱུང་སོལ་རླངས་མཁོ་སྤྲོད་འགན་ལེན་ནུས་པ་ཧ་ཅང་ཆེ་རུ་འགྲོ་གི་ཡོད།

    རྒྱལ་ནང་གི་སྨི་རྒྱ་དཔངས་གྲུ་བཞི་ཁྲི་27གྱི་གཤེར་གྱུར་རང་བྱུང་སོལ་རླངས་གསོག་སྣོད་ཐོག་མ་དེར་ཟླུམ་དབྱིབས་ལེབ་མོ་ཇུས་འགོད་བྱས་པ་དང་དེའི་ཚངས་ཐིག་ལ་སྨི་100.6དང་མཐོ་ཚད་ལ་སྨི་55ཟིན་ཞིང་། 2021ལོའི་ཟླ་8པར་དངོས་སུ་ལས་འགོ་བཙུགས་ཡོད། སྔོན་མའི་ཟླུམ་དབྱིབས་རིང་པོའི་གསོག་སྣོད་དང་བསྡུར་ན་ཡོམ་འགོག་ནུས་པ་དང་བརྟན་པོའི་རང་བཞིན་ཆེན་པོ་ལྡན་ཡོད།

    གསོག་སྣོད་དེ་གནས་སའི་ཆིང་ཏའོ་གཤེར་གྱུར་རང་བྱུང་སོལ་རླངས་གཏོང་འདྲེན་ས་ཚིགས་སུ་ལོ་རེར་གཏོང་འདྲེན་བྱེད་ནུས་ཏུན་ཁྲི་700ཟིན་གྱི་ཡོད། རིམ་རྩིས་བྱས་ན་ནང་འདྲེན་བྱས་པའི་གཤེར་གྱུར་རང་བྱུང་སོལ་རླངས་ཏུན་ཁྲི་4100ལྷག་ཙམ་ཟིན་པ་དང་། དེ་ནི་རང་རྒྱལ་གྱི་ཧྭ་པེ་ས་ཁུལ་གྱི་སོལ་རླངས་ཀྱི་ཡོང་ཁུངས་གཙོ་བོའི་གྲས་ཤིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གཏོང་འདྲེན་ས་ཚིགས་ཀྱིས་གསོག་སྣོད་མ་སྤྱད་གོང་གི་གྲ་སྒྲིག་ལས་དོན་ཁག་ལ་སྐུལ་འདེད་མགྱོགས་པོ་གཏོང་བཞིན་ཡོད་པ་དང་། སྔོན་དཔག་ལྟར་ན་ལོ་མཇུག་གོང་དངོས་སུ་སྤྱོད་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།