དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་ས་ཡོམ་གྱི་རོགས་སྐྱོབ་སྦྱོང་བརྡར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-29

    འདི་ནི་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་དགེ་རྒན་གྱིས་སྦྱོང་བརྡར་ལ་ཞུགས་མཁན་རུ་མིར་ལག་ལེན་དམར་ཁྲིད་བྱེད་བཞིན་པ།

    འདི་ནི་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་དགེ་རྒན་གྱིས་སྦྱོང་བརྡར་ལ་ཞུགས་མཁན་རུ་མིར་སྒྲིག་ཆས་བཀོལ་སྟངས་སློབ་བཞིན་པ།

    རིགས་པའི་གཞུང་ལུགས་སྔོན་ཐོན་དང་། རྩལ་ནུས་ཉམས་སད་ཐེག་ཐུབ་པ། ལག་རྩལ་བྱང་ཆུབ་པ་བཅས་ཀྱི་ས་ཡོམ་རོགས་སྐྱོབ་ཆེད་ལས་དཔུང་ཁག་ཅིག་གསོ་སྐྱོང་བྱས་ནས། རྒྱལ་ཁབ་ཀྱི་ས་ཡོམ་གྱི་ཛ་དྲག་རོགས་སྐྱོབ་སྦྱོང་བརྡར་རྟེན་གཞིའི་གསོ་སྦྱོང་གྲུབ་འབྲས་གཞན་སྒྱུར་མགྱོགས་སུ་གཏོང་ཆེད། ཉེ་ཆར་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་ས་ཡོམ་གྱི་རོགས་སྐྱོབ་སྦྱོང་བརྡར་བྱས་པ་རེད།

    དམིགས་བསལ་ལས་སྒྲུབ་རུ་ཆེན་གྱིས་རྒྱལ་ཁབ་ཀྱི་ས་ཡོམ་གྱི་འཕྲལ་སྡོམ་རོགས་སྐྱོབ་སྦྱོང་བརྡར་རྟེན་གཞིའི་གསོ་སྦྱོང་ལ་ཞུགས་མྱོང་མཁན་དགེ་རྒན་དུ་བཀོད་སྒྲིག་བྱས་ཏེ། “ལས་འགན་སྣེ་ཁྲིད་དུ་བྱེད་པ་དང་། སྦྱོང་བརྡར་དང་དམག་འཐབ་གཅིག་གྱུར་བྱེད་པ། མཐར་ཕྱིན་པར་སྦྱོང་བ། ཕྱོགས་ཡོངས་འཕེལ་རྒྱས”བཅས་ཀྱི་བསམ་ཕྱོགས་དང་འདུ་ཤེས་མཐའ་འཁྱོངས་ཀྱིས་དངོས་འཐབ་ཅན་གྱི་དམག་སྦྱོང་སློབ་ཁྲིད་ལ་དམ་འཛིན་ཤུགས་ཆེན་བྱས་ནས“འཚོལ་སྐྱོབ་ཇི་ལྟར་བྱེད་པའི”གནད་དོན་ཐག་གཅོད་ཤུགས་ཆེན་བྱས་པ་རེད།

    དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་འགན་འཁུར་བས། གོམ་སྟབས་རྗེས་མར་རུ་ཆེན་གྱིས་ས་ཡོམ་རོགས་སྐྱོབ་ཀྱི་འབྲེལ་ཡོད་སྦྱོང་བརྡར་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། ཕྱོགས་བསྡུས་རོགས་སྐྱོབ་སྦྱོང་བརྡར་གྱི་རྨང་གཞི་བརྟན་དུ་བཏང་སྟེ། ས་ཡོམ་རོགས་སྐྱོབ་ལས་འགན་སྒྲུབ་པར་རྨང་གཞི་བརྟན་པོ་ཞིག་འདིང་གི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།