ཁ་བསླུས་ལ་རྒོལ་བའི་ལས་དོན་ཏན་ཏིག་བསྒྲུབས་ནས་དམངས་ཀྱི་ཁེ་ཕན་ཧུར་ཐག་བསྲུངས་པ།
—— ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ད་ལོའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་མུ་མཐུད་རྡུང་རྡེག་དང་བཅོས་སྒྲིག་བྱས་པ།
2023ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། དུས་རབས་གསར་པའི་སྤྱི་བདེ་ལས་ཁུངས་ཀྱི་ལས་འགན་ལྷག་བསམ་རྣམ་དག་ངང་སྒྲུབ་པ་དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་བཅོས་སྒྲིག་དང་དྲིལ་བསྒྲགས་ཉེན་གཏོང་གི་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བཅས་བྱས་ཏེ། ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་བདེས་ཤུགས་བརྒྱབ་པ་རེད།
དམངས་ཡོངས་ཀྱིས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི“བདེ་འཇགས་དྲ་བ”བཟོས་པ།
གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་འགོག་ཟོན་བྱེད་པའི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་ཕྱོགས་ཡོངས་ནས་ཟབ་ཏུ་བཏང་སྟེ་མང་ཚོགས་ཀྱི་དངུལ་ཁུག་ཡག་པོ་བསྲུང་ཆེད། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་རྒྱ་ཆེའི་མི་དམངས(ལས་རོགས)ཉེན་རྟོག་པས“བསམ་བློ་ཕྱོགས་གཅིག་ལ་གཏོང་བ་དང་ཤུགས་ཕྱོགས་གཅིག་ལ་རྒྱག་པའི”གོང་བུ་འགྲིལ་ཤུགས་ཆེན་པོར་བརྟེན་ནས། ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་ཏེ་མི་ཚང་མ་ཞུགས་པ་དང་། མི་ཚང་མར་འགན་འཁྲི་ཡོད་པ། མི་ཚང་མས་ཁ་བསླུས་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་དྲིལ་བསྒྲགས་ཆེན་པོའི་རྣམ་པ་ཕྱོགས་ཡོངས་ནས་བཏོད་ཡོད།
“མཉམ་ཤུགས”ཆགས་པར་བྱས་པ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཁ་བསླུས་ངོ་རྒོལ་ལྟེ་གནས་ཁག་གིས་རང་འགུལ་ངང་ཁོངས་མིའི་ཚན་པ་དང་། གྲོང་སྡོད་ལས་དོན་རུ་ཁག སྡེ་ཁུལ(གྲོང་ཚོ)བཅས་དང་མཉམ་དུ་སློབ་གྲྭ་དང་ལས་ཁུངས(ཁེ་ལས་དང་བྱ་གཞག་ཚན་པ)སོགས་སུ་བསྐྱོད་དེ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་འཆད་ཁྲིད་ཐེངས་50ལྷག་ཙམ་བྱས་ནས། རྒྱ་ཆེའི་མང་ཚོགས་ཀྱིས་ཁ་བསླུས་རྒྱག་སྟངས་དང་ཁ་བསླུས་འགོག་ཟོན་གྱི་ཤེས་བྱ་ཤེས་ཚད་ཟབ་ཏུ་བཏང་བ་རེད།
“བརྒྱུད་སྤེལ་བྱེད་ཤུགས”ཆེ་རུ་བཏང་བ། སྐད་འཕྲིན་སྤྱི་རྟགས་དང་། ཁྱུག་དབྱིངས། འཕྲིན་ཐུང་བཅས་ཀྱི་ལས་སྟེགས་བེད་ཡག་པོ་སྤྱད་ནས། ཁ་བསླུས་ལ་ངོ་རྒོལ་གྱི་སྐད་འཕྲིན་རྩོམ་ཡིག་124ཙམ་སྤེལ་བ་དང་། ཁ་བསླུས་ངོ་རྒོལ་དྲིལ་བསྒྲགས་ཀྱི་བརྙན་ཐུང་6གསར་རྩོམ། ཁ་བསླུས་ལ་ངོ་རྒོལ་གྱི་འཕྲིན་ཐུང་ཁྲི་60ལྷག་ཙམ་སྤེལ་བ་བཅས་བྱས་ནས། ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།
ཉེན་བརྡ་བཏང་ནས་ཁ་ཏ་བསླབ་བྱ་བྱེད་པའི“མེ་འགོག་གྱང”བརྟན་པོ་བསྐྲུན་པ།
“ཁྱེད་ཚོས་རྒྱལ་ཁབ་ཀྱི་ཁ་བསླུས་ངོ་རྒོལ་མཉེན་ཆས་APPཕབ་ཡོད་དམ། གལ་སྲིད་མེད་ཚེ་འཕྲལ་མར་འབེབས་པར་ཡོང་དགོས”ཞེས་ཁ་བསླུས་ལ་ངོ་རྒོལ་དྲིལ་བསྒྲགས་བྱེད་མཁན་མི་དམངས་ཉེན་རྟོག་པས་ས་ཆ་རེར་སླེབས་རིམ་བཞིན་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་ཁ་བསླུས་ངོ་རྒོལ་མཉེན་ཆས་APPགློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་གི་ལག་ཆ་དྲིལ་བསྒྲགས་བྱེད་ཀྱི་ཡོད།
མ་དངུལ་གྱི་ཉེན་བརྡ་གཏོང་བ་ནི་མིག་སྔའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་ཟོན་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཡིན་ལ། གྱོད་གཞི་ཉུང་དུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ལས་ཀའི་བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད་བྱས་ཐོག“ཚན་རྩལ་གྱི་ལེགས་ཆ་དང་མཐོང་ཐུབ་པའི་ཉེན་བརྡ་གཏོང་བ་ཟུང་དུ་འབྲེལ་བའི”ལས་ཀ་བྱེད་སྟངས་མཐའ་འཁྱོངས་དང་། “དྲ་ཐོག་གི་ཉེན་བརྡ་གཏོང་བ་དང་དྲ་ཕྱིའི་ཁ་ཏ་བསླབ་བྱ་ཟུང་དུ་འབྲེལ་བའི”བྱ་ཐབས་བཟང་པོ་བཏོན་ནས། མང་ཚོགས་ལ་རྒྱལ་ཁབ་ཀྱི་ཁ་བསླུས་ངོ་རྒོལ་མཉེན་ཆས་APPའབེབས་སྟངས་དམར་ཁྲིད་དང་ཁ་པར་རྒྱག་པ་དང་དང་ངོ་ཐུག་གདོང་འཕྲད་སོགས་ཀྱི་རྣམ་པར་བརྟེན་ནས་མི་རེ་རེ་བཞིན་ལ་ཉེན་བརྡ་གཏོང་བ་དང་ཁ་ཏ་བསླབ་བྱ་བྱས་པས། ཁ་བསླུས་ཀྱི་གནོད་འཚེ་ཕོག་སྲིད་མཁན་ལ་སྐབས་བསྟུན་ཉེན་བརྡ་གཏོང་ཐུབ་ནས་མང་ཚོགས་ལ་གྱོང་གུང་ཆེན་པོ་མི་ཕོག་པར་བྱས་ཤིང་། འདི་ལོ་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མི་ཐེངས་ཁྲི་6ལྷག་ཙམ་ལ་ཁ་པར་ནས་ཉེན་བརྡ་བཏང་བ་དང་། མི་ཐེངས་3000ལྷག་ཙམ་ལ་གདོང་གཏུགས་ནས་ཉེན་བརྡ་བཏང་བས་གྱོད་གཞི་ཐོན་ཚད་དུས་མཚུངས་ལས་0.8%ཆག་ཡོད་པ་རེད།
ཁ་བསླུས་ལ་རྡུང་རྡེག་ཚ་ནན་བཏང་ནས་གྱོང་གུན་མི་ཕོག་པར་བྱས་པ།
གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས“སྤུ་གྲི”དང་། “འབྱུང་རྩ་གཙང་སེལ”“གཱ་བསྡམས་བཅད”སོགས་ཀྱི་ཆེད་དོན་བྱ་སྤྱོད་རབ་དང་རིམ་པ་གཏིང་ཟབ་སྤེལ་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་མང་པོ་བཀག་འགོག་ནུས་ལྡན་བྱས་ཡོད། 2023ལོ་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཁག་23རྩད་ཆོད་པ་དུས་མཚུངས་ལས་187.5%འཕར་བ་དང་། ཉེས་གསོག་དོགས་ཅན་24བཟུང་བ། མ་དངུལ་སྒོར་17585083.05སྤྲོད་མཚམས་བཞག་པ། མང་ཚོགས་ལ་གྱོང་གུན་སྒོར་1541241མི་ཕོག་པར་བྱས་ཤིང་། གྱོད་གཞི་རྩད་ཆོད་ཚད་དང་ཉེས་གསོག་དོགས་ཅན་འཛིན་ཚད་མང་དུ་ཕྱིན་པ་དང་གྱོད་གཞི་ཐོན་ཚད་ཉུང་དུ་ཕྱིན་ནས“གཉིས་འཕར་གཅིག་ཆག”གི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
རྡུང་རྡེག་དང་བཅོས་སྒྲིག་ནུས་ལྡན་དང་ཁ་བསླུས་ལ་ངོ་རྒོལ་གྱི་དྲིལ་བསྒྲགས་ལ་ཤུཌ་སྣོན་བརྒྱབ་པ་བརྒྱུད། གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་ཡུལ་ཟམ་མི་ཆད་པར་མེད་པར་བཟོ་བ་དང་། ཉེས་གསོག་འབྲེལ་ཐག་གཅོད་པ། ཁྲིམས་འགལ་ཉེས་གསོག་པའི་རྫིག་ཉམས་གཅོག་པ་བཅས་བྱས་ཏེ། མང་ཚོགས་ཀྱི་རྒྱུ་ནོར་གྱི་བདེ་འཇཌ་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད།