དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“ཕྱིར་མིག་ལྟ་བའི”ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-29

    འདི་ནི་ཁྲིམས་སྒྱུར་པས་འཁྱགས་སྒམ་ནང་གི་ཟས་རིགས་ལ་ཞིབ་བཤེར་བྱེད་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་མངགས་སྐྱེལ་ཟ་ཁང་དང་གསོལ་མགྲོན་ཁང་གི་ཐབ་ཚང་ལ་དམིགས་ནས་བཟའ་བཅའི་བདེ་འཇགས་ལ་ཞིབ་བཤེར་བྱས་ཏེ། ཞིབ་བཤེར་བྱེད་རིང་ཐབ་ཚང་གི་ཁོར་ཡུག་འཕྲོད་བསྟེན་བཙོག་ཟིང་ཞན་གསུམ་དང་། བཟའ་བཅའི་བདེ་འཇགས་ལམ་ལུགས་དོན་འཁྱོལ་ཡག་པོ་བྱུང་མེད་པ། བཟའ་བཅའི་ལས་སྣོན་བརྒྱུད་རིམ་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་ཡོད་པའི་མངགས་སྐྱེལ་ཟ་ཁང་2དང་གསོལ་མགྲོན་ཁང་1ལ་དུས་བཀག་ནང《དག་ཐེར་བཀའ་རྒྱའི་བརྡ་ཐོ》བཏང་བ་མ་ཟད། འབྲེལ་ཡོད་འགན་འཁུར་བ་སྐོང་འདྲི་བྱས་ཏེ་གནད་དོན་ལ་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དེས་ན། འབྲེལ་ཡོད་ཟ་ཁང་གིས་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་འབྲེལ་ཡོད་བླང་བྱ་ལྟར་དག་ཐེར་ཡོ་བསྲང་བྱས་ཡོད་མེད་ཐད་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲིམས་སྒྱུར་པ་སྒྲིག་འཛུགས་བྱས་ཏེ་འབྲེལ་ཡོད་ཟ་ཁང་ལ“ཕྱིར་མིག་ལྟ་བའི”ཞིབ་བཤེར་བྱས་པ་རེད།

    དུས་འགོའི་ཞིབ་བཤེར་བྱེད་རིང་ཁྲིམས་སྒྱུར་པས་ཞོལ་གྲོང་གསར་དུ་ཡོད་པའི“གྲོང་བྱང་ཙོ་སི་ཁྲུའེ་སི་ཁྲོན་བྲོ་བའི་ཟ་ཁང”གི་ཐབ་ཚང་ཡོངས་ཀྱི་འཕྲོད་བསྟེན་བཙོག་ཟིང་ཞན་གསུམ་དང་། མཛོད་ཁང་ནང་གི་བཟའ་བཅའི་རྒྱུ་ཆ་དང་། བཟའ་བཅའི་ཐུམ་སྒྲིལ། ལས་བཟོ་མི་སྒེར་གྱི་དངོས་རྫས་སོགས་ཚང་མ་གང་བྱུང་དུ་སྤུངས་ནས་བཞག་ཡོད་པ་དང་། འཁྱགས་སྒམ་ནང་བཟའ་བཅའ་གང་བྱུང་དུ་བླུགས་པ། ཚལ་སོས་པ་མེད་པ། ལས་མིས་གྱོན་ཆས་ཚད་ལྡན་གྱོན་མེད་པ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱུང་བ་རེད།

    བཅོས་སྒྲིག་བྱས་པ་བརྒྱུད་ཟ་ཁང་དེའི་ཐབ་ཚང་དང་མཛོད་ཁང་གཙང་མ་གཙང་རྐྱང་དུ་གྱུར་ཡོད། མཛོད་ཁང་ནང་བཟའ་བཅའི་རྒྱུ་ཆ་ཚང་མ་ཟོག་སྒྲོམ་ཐོག་བཞག་ཡོད་པ་དང་། ཤོག་བྱང་སྦྱར་ནས་བཟའ་བཅའི་རྒྱུ་ཆ་འཇོག་ཁོངས་ཁ་གསལ་བཟོས་ཡོད། ཐབ་ཚང་གི་གྱང་ངོས་སུ་བཟའ་བཅའི་བདེ་འཇགས་དོ་དམ་ལམ་ལུགས་བཀལ་ཡོད་པ་དང་། ལས་མིས་གྱོན་ཆས་ཚད་ལྡན་དུ་གྱོན་ཡོད་པ། བཟའ་བཅའ་ཉོས་པའི་ལག་ཁྱེར་དང་སྤ་སེ་ཆ་ཚང་ཡོད་པ། བཟའ་བཅའ་ཉར་ཚགས་བྱེད་སའི་འཁྱགས་སྒམ་གཙང་མ་བཟོས་པའམ་ཡང་ན་གསར་པ་བརྗེས་པ། འཁྱགས་སྒམ་ནང་གི་བཟའ་བཅའ་ཡང་འགྱིག་ཐུམ་གྱིས་བསྒྲིལ་ཡོད་པ་བཅས་ལས་སྤྱིའི་ཆ་ནས་བཅོས་སྒྲིག་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

    དུས་འགོའི་ཞིབ་བཤེར་བྱེད་རིང་ཁྲིམས་སྒྱུར་པས“གྲོང་བྱང་མའོ་ཏ་ཆང་རྒྱ་ཁོག་རྨོག་ཚལ་ཟ་ཁང”ནས་བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མང་པོ་ཞིག་ཤེས་རྟོགས་བྱུང་ཡོད་ལ་དག་ཐེར་བྱེད་དགོས་པའི་བཀའ་ཡང་བཏང་བ་རེད།

    ཚོང་ཁང་དེས་དག་ཐེར་བྱས་པ་བརྒྱུད་ཐབ་ཚང་གི་ཁོར་ཡུག་འཕྲོད་བསྟེན་དང་། བཟའ་བཅའི་ལས་སྣོན། བཟའ་བཅའི་རྒྱུ་ཆ་གསོག་ཉར་སོགས་ཐད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། བཟའ་བཅའི་བདེ་འཇགས་དོ་དམ་ལམ་ལུགས་ཁག་དོན་འཁྱོལ་ཡག་པོ་བྱས་པ་ཕུད། ཚོང་ཁང་གི་འགན་འཁུར་བས་གཟའ་འཁོར་རེར་ལས་མིར་བཟའ་བཅའི་བདེ་འཇགས་སྐོར་གྱི་གསོ་སྦྱོང་བྱས་ནས། རང་ཉིད་དང་ལས་མིའི་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ཡོད་ཅེས་བརྗོད།

    ཉིན་དེར་ཁྲིམས་སྒྱུར་པས་ད་དུང་དོག་སྡེ་ལམ་དུ་ཡོད་པའི་གསོལ་མགྲོན་ཁང་ཞིག་གི་ཐབ་ཚང་ལ“ཕྱིར་མིག་ལྟ་བའི”ཞིབ་བཤེར་བྱས་པ་དང་། ཐབ་ཚང་གི་གཙང་སྦྲ་དང་། བཟའ་བཅའི་མ་དཔེར་ཐོ་འགོད་དོ་དམ། ལས་མིའི་བདེ་ཐང་དོ་དམ། བཟའ་བཅའ་ཉོས་པའི་ལག་ཁྱེར་དང་སྤ་སེ་དང་ཉར་ཚགས་བྱེད་སྟངས་སོགས་ལ་ཞིབ་བཤེར་ཞིབ་ཚགས་བྱས་ཡོད། ཐབ་ཚང་གཙང་སྦྲ་དོད་པ་དང་ལས་མིས་གྱོན་ཆས་ཚད་ལྡན་གྱོན་པ་མ་ཟད། བཀོལ་སྤྱོད་ཁང་དང་། ཐབ་ཚང་། མཛོད་ཁང་སོགས་ལོགས་དབྱེ་ཡག་པོ་བྱས་ཡོད། འཁྱགས་སྒམ་དང་དུག་སེལ་སྒམ་སོགས་གསོག་ཉར་དང་གཙང་སེལ་གྱི་སྒྲིག་ཆས་གལ་ཆེན་ཉོས་ཡོད་པས་དག་ཐེར་གྱི་ནུས་པ་མངོན་གསལ་དོད་པོ་ཐོན་པ་དང་གནད་དོན་ལ་དག་ཐེར་ནུས་ལྡན་ཐུབ་ཡོད་པ་རེད།

    ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་བཟའ་བཅའ་གཉེར་སྐྱོང་ཁོའོ་ཡི་ཁོའོ་ཀྲང་ཁྲེན་པོས་གསར་འགོད་པར། གོམ་སྟབས་རྗེས་མར་ཁོངས་གཏོགས་ཁུལ་གྱི་བཟའ་བཏུང་ལས་རིགས་ལ་ལྟ་འདོམས་བྱེད་པར་མུ་མཐུད་སྐུལ་འདེད་བཏང་སྟེ། གནད་དོན་ལྷག་པའི་བཟའ་བཏུང་ཞབས་ཞུའི་ཚན་པར་དུས་ཐོག་ཏུ“ཕྱིར་མིག་ལྟ་བའི”ཞིབ་བཤེར་བྱས་ནས། “ཚད་གཞི་ལོན་མེད་ན་དག་ཐེར་བྱེད་པ་དང་། དག་ཐེར་མ་བྱས་ཚེ་ལས་མཚམས་འཇོག་པའི”བླང་བྱ་ལྟར་བཟའ་བཏུང་ལས་རིགས་ལ་ལྟ་འདོམས་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་སྟེ། དྲ་རྒྱའི་མངགས་སྐྱེལ་བཟའ་བཅའི་བདེ་འཇགས་ལ་ལྟ་འདོམས་བྱེད་རྒྱུ་མུ་མཐུད་དམ་འཛིན་བྱས་ནས། དྲ་རྒྱའི་མངགས་སྐྱེལ་ཚད་གཞི་ཅན་དང་། ཚད་ལྡན་ཅན། རྒྱུན་རྣམ་ཅན་བཅས་ཡོང་བའི་འགན་ལེན་བྱས་ནས། རྒྱ་ཆེའི་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།