དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཟོ་ལས་ཐོན་རྫས་ཀྱི་སྤུས་ཚད་ལ་འཐེན་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-29

    ལྷ་ས་གྲོང་ཁྱེར་གྱི་བཟོ་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་འདོམས་བྱེད་པའི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། བཟོ་ལས་ཐོན་རྫས་ཀྱི་བདེ་འཇགས་ལྟ་འདོམས་འགན་འཁྲི་དོན་འཁྱོལ་ནུས་ལྡན་བྱེད་པ། ཐོན་རྫས་ཀྱི་སྤུས་ཚད་ལ་འཐེན་བཤེར་བྱེད་པའི་ལྟ་འདོམས་བྱ་ཐབས་ཡག་པོ་སྤྱོད་པ་བཅས་བྱ་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས《2023ལོའི་ལྷ་ས་གྲོང་ཁྱེར(གྲོང་ཁྱེར་རིམ་པ)གྱི་བཟོ་ལས་ཐོན་རྫས་འཐེན་བཤེར་ལས་ཀའི་འཆར་འགོད》བཟོས་པ་དང་། མ་དངུལ་སྒོར་ཁྲི་61.8བཏང་ནས་བཟོ་ལས་ཐོན་རྫས་ཁག་ཐེངས་237གྱི་སྤུས་ཚད་ལ་འཐེན་བཤེར་བྱས་པ་རེད།

    འདི་ལོ་ལྷ་ས་གྲོང་ཁྱེར་གྱི་བཟོ་ལས་ཐོན་རྫས་ཀྱི་སྤུས་ཚད་འཐེན་བཤེར་བྱེད་ཁོངས་སུ་ཨར་འདམ་དང་། གློག་སྐུད། སོལ་རླངས་ཐབ་ཆས་བཅས་དང་དེ་བཞིན་མཁོ་ཆས་གཞན་དག་དང་། མེ་ཟོན་ཡོ་ཆས། བྱིས་པ་དང་སློབ་མའི་ཡོ་ཆས། རྒན་རྒོན་གྱི་མཁོ་ཆས། བཟོ་སྐྲུན་དང་དྲོད་སྲུང་རྒྱུ་ཆ། བཟའ་བཅའ་དང་འབྲེལ་བ་ཡོད་པའི་ཐོན་རྫས་སོགས་སྣ་ཁ་47ཚུད་ཡོད། ཐོན་རྫས་ཀྱི་མ་དཔེ་འཐེན་བཤེར་བྱས་པ་ནས་བཟུང་། ད་བར་ཐོན་རྫས་ཁག་ཐེངས་120ལ་འཐེན་བཤེར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།