དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱི་ཟླ་བདུན་པའི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་མང་ཤོས་གསུམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-29

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་གིས་ཡོངས་བསྒྲགས་བྱས་པའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་གྲངས་གཞི་ནས་མངོན་པར་གཞིཌ་ན། འདི་ལོའི་ཟླ་བདུན་པར་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་མང་ཤོས་གསུམ་ནི་གཤམ་གསལ་ཏེ།

    ཁྲིམས་ལས་འགལ་ནས་རླངས་འཁོར་འཇོག་པའི་བྱེད་སྤྱོད་16321ལ་ཞིབ་གཅོད་བྱས་པ་དེས་འགྲོ་ལམ་ཁྲིམས་འགལ་བྱེད་སྤྱོད་ཡོངས་ཀྱི་18.61%བཟུང་བ།

    ཁྲིམས་འགལ་བྱེད་སྤྱོད་འདི་རིགས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་ང་དྲུག་པ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》གི་དོན་ཚན་རེ་གསུམ་པའི་འབྲེལ་ཡོད་གཏན་འབེབས་དང་འགལ་ཡོད་པ་རེད།

    གློག་བརྡ་ཡོད་པའི་ལམ་ཁ་ནས་སྐྱོད་སྐབས། ཕྱོགས་སྟོན་འཁོར་ལམ་དུ་མི་སྐྱོད་པའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཁྱོན་14218ལ་ཞིབ་གཅོད་བྱས་པ་དེས་འགྲོ་ལམ་ཁྲིམས་འགལ་བྱེད་སྤྱོད་ཡོངས་ཀྱི་16.22%བཟུང་བ།

    ཁྲིམས་འགལ་བྱེད་སྤྱོད་འདིའི་རིགས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》གི་དོན་ཚན་ང་གཅིག་པའི་འབྲེལ་ཡོད་གཏན་འབེབས་དང་འགལ་ཡོད་པ་རེད།

    འགྲིམ་འགྲུལ་གློག་བརྡ་ལྟར་མི་སྐྱོད་པའི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཁྱོན་6206ལ་ཞིབ་གཅོད་བྱས་པ་དེས་འགྲོ་ལམ་ཁྲིམས་འགལ་བྱེད་སྤྱོད་ཡོངས་ཀྱི་7.08%བཟུང་བ།

    ཁྲིམས་འགལ་བྱེད་སྤྱོད་འདིའི་རིགས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་སོ་བརྒྱད་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》གི་དོན་ཚན་སོ་བརྒྱད་པ་དང་། བཞི་བཅུ་པ། ཞེ་གཅིག་པ། ཞེ་གཉིས་པ། ཞེ་གསུམ་པ་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་ཡོད་པ་རེད།

    ཉེན་རྟོག་པའི་ཤ་ཚའི་དྲན་སྐུལ།

    ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་རྒྱ་ཆེའི་འགྲིམ་འགྲུལ་ནང་ཞུགས་མཁན་ཡོངས་ལ་དྲན་སྐུལ་ཞུ་རྒྱུར། འགྲིམ་འགྲུལ་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ནས་རང་གཞན་ཀུན་གྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་དགོས། འགྲིམ་འགྲུལ་ནང་ཞུགས་མཁན་ཚང་མས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ཤེས་བྱ་ཡིད་ལ་བརྟན་པོར་ངེས་པར་བྱས་ཐོག རང་རྟོགས་ངང་འགྲིམ་འགྲུལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ནས། ཡ་རབས་དང་བདེ་འཇགས་ངང་ཕྱིར་སྐྱོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།