དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་མཉམ་སྡེབ་ཟ་ཁང་ལ་གློ་བུར་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-29

    ལས་དོན་མི་སྣས་སྨན་སྣའི་ཡུན་ཚད་ལ་ཞིབ་བཤེར་བྱེད་བཞིན་པ།

    བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་བ་དང་། མཉམ་སྡེབ་ཟ་ཁང་གི་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཧུར་ཐག་བྱེད་པར་སྐུལ་འདེད་གཏོང་བ། བཟའ་འཐུང་འཕྲོ་བརླག་གཏོང་བའི་སྤྱོད་ཚུལ་བཀག་འགོག་གི་བྱ་ཐབས་ཁག་ལག་བསྟར་ནན་པོ་བྱེད་པ་བཅས་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་སྒྱུར་མི་སྣས་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ཉེན་རྟོག་པའི་ཟ་ཁང་དང་རྒྱལ་ཁབ་གློག་དྲའི་ལས་བཟོའི་ཟ་ཁང་ལ་གློ་བུར་དུ་ཞིབ་བཤེར་བྱས་པ་རེད།

    ད་ཐེངས་ཀྱི་ཞིབ་བཤེར་བརྒྱུད། ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ཉེན་རྟོག་པའི་ཟ་ཁང་དང་རྒྱལ་ཁབ་གློག་དྲའི་ལས་བཟོའི་ཟ་ཁང་བཟའ་འཐུང་འཕྲོ་བརླག་བཀག་འགོག་གི“མིང་ཐོ་དམར་པོའི”ནང་བཅུག་པ་རེད། གོམ་སྟབས་རྗེས་མར། ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་བཟའ་འཐུང་ཚན་པ་ཆེ་འབྲིང་དང་། ཁེ་ལས་དང་བྱ་གཞག་ཚན་པའི་ཟ་ཁང་། སློབ་གྲྭའི་ཟ་ཁང་བཅས་སུ་བཟའ་བཅའི་བདེ་འཇགས་ལ་གློ་བུར་དུ་ཞིབ་བཤེར་བྱས་ནས་བཟའ་བཅའི་བདེ་འཇགས་ཀྱི“མཐའ་ཚད་སྲུང་བ་དང་། མངོན་མེད་རྐྱེན་ངན་ལ་ཞིབ་བཤེར། བདེ་འཇགས་འགན་ལེན”བཅས་ཀྱི་ཆེད་དོན་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་གྲོང་མི་རྣམས་བཟའ་འཐུང་བདེ་འཇགས་ལྡན་པ་དང་། བློ་བདེ་པོ་ཡོང་བ། བློ་ཡིད་ཚིམ་པོ་ཡོང་བ་བཅས་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།