དུས་རབས་གསར་པའི་དམག་མིས་གངས་ལྗོངས་སུ་གཟི་བརྗིད་ལྡན་པའི་ལེའུ་རྩོམ་བཞིན་པ།
དཔོན་དམག་ཚོས་དམག་སྦྱོང་བྱེད་བཞིན་པ།
བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་སྦྱོང་བརྡར་བྱེད་བཞིན་པ།
མང་ཚོགས་ཀྱིས་དམག་ཞབས་ཐིམ་པའི་འཐབ་འཛིང་པར་སྐྱེལ་མ་ཞུ་བཞིན་པ།
ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོར་རྒྱལ་སྲུང་སློབ་གསོ་སྤེལ་བཞིན་པ།
བོད་དམག་ཁུལ་ཁང་གི་མཐའ་སྲུང་ཐོན་ཤོག་ཅིག་གིས“ངས་དམག་དར་དང་མཉམ་དུ་དྲན་རྟེན་པར་རྒྱག་པའི”བྱེད་སྒོ་སྤེལ་བཞིན་པ།
མཐའ་སྲུང་གི་འཐབ་འཛིང་པ་འཐབ་ས་དང་པོར་སྐོར་གཡེང་དུ་སྐྱོད་བཞིན་པ།
བོད་དམག་ཁུལ་ཁང་གི་རིག་རྩལ་ལས་དོན་ཚོགས་པའི་རིག་རྩལ་རྟ་དམག་རུ་ཁག་གིས་མཐའ་མཚམས་དང་། གཞི་རིམ། སོ་ལྟ་ཁང་བཅས་སུ་འཚམས་འདྲིའི་འཁྲབ་སྟོན་བྱེད་བཞིན་པ།
གངས་ལྗོངས་ས་མཐོར་ཡོད་པའི་དམག་སྒར་ཡོད་དོ་ཅོག་ཏུ་ཡིན་ནའང་འདྲ། མཐའ་སྲུང་གི་ས་མཚམས་སྤྱི་ལེ་སྟོང་ཕྲག་ཏུ་ཡིན་ནའང་འདྲ། བོད་དམག་ཁུལ་ཁང་གི་དཔོན་དམག་ཚོས་དུས་དང་རྣམ་པ་ཀུན་ཏུ་ལས་གནས་བརྟན་པོར་བསྲུངས་ནས་མེས་རྒྱལ་དུས་བདེ་འཆམ་མཐུན་ཡོང་བར་འབད་བཞིན་ཡོད།
བོད་ཀྱི་དཔུང་སྡེའི་དཔོན་དམག་གིས“མཉམ་སྤེལ་ལྔ་དང་སྲ་བརྟན་ལྔ”ཡི་ཆ་འགྲིག་མཉམ་སྐྲུན་དམ་འཛིན་བྱ་གཞིར་བྱེད་པ་དང“བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི”རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ། ལས་འགན་དང་འགན་འཁྲི་སྒྲུབ་པའི་དཔུང་སྡེའི་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་མ་ཟད། མི་རིགས་ཁག་གི་མང་ཚོགས་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུས་ཡོད་པ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་རམ་འདེགས་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་དང་། སྨན་བཅོས་འཕྲོད་བསྟེན། སློབ་གསོའི་རོགས་སྐྱོར། རྩལ་ནུས་གསོ་སྦྱོང་སོགས་ལ་མི་རྒྱུ་དངུལ་གསུམ་གཏོང་ཤུགས་ཆེ་རུ་བཏང་བ་མ་ཟད། བཅའ་སྡོད་བྱ་ཡུལ་ལ་རོགས་རམ་བྱས་ཏེ་ཞིང་ལས་ལག་རྩལ་དང་། ལས་སྣོན། གསོ་སྤེལ། ཉམས་བཟོ་སོགས་ཀྱི་ལག་རྩལ་རྐང་འཛིན་པ་ཁྲི་ལྷག་ཟིན་པ་གསོ་སྦྱོང་བྱས་ནས་བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་དང་བརྩེ་བ་ཟབ་མོ་བཙུགས་ཡོད།
ཉེ་བའི་ལོ་ཤས་རིང་། བོད་དམག་ཁུལ་ཁང་གི་ཕྱོགས་ཡོངས་ཀྱི་འཛུགས་སྐྱོང་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་སྟེ། “གསར་བརྗེའི་ས་བོན་རྒྱུན་འཛིན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་འགན་འཁྲི་ལྕི་པོ་ཁུར་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བསླབ་གཞི་གསོན་པོ་ཞིག་ཏུ་གྱུར་ནས་དཔོན་དམག་ཚོའི་གཟི་བརྗིད་ཀྱི་སེམས་པ་དང་། སྤོབས་སེམས། ལས་འགན་སྒྲུབ་སེམས་བཅས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།