དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    དབྱར་གསེང་རིང་ཤན་ཅུས་རྫོང་གིས་གྲོང་གསེབ་ཀྱི་ཕྲུ་གུ་ཚོར་སློབ་ཚན་ཟུར་ཁྲིད་དང་། ལུས་རྩལ་ལུས་སྦྱོང་། ཚན་རིག་ཁྱབ་གདལ་སྒྲོག་འགྲེལ་སོགས་ཀྱི་ཞབས་འདེགས་ཞུས་ནས་མཉམ་དུ་དབྱར་གསེང་གི་འཚོ་བར་རོལ་ཡོད། འདི་ནི་ཀྲེ་ཅང་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཤན་ཅུས་རྫོང་ཨན་ཀྲོའུ་ཁྲོམ་གཞུང་ཏུའུ་ཕོ་ཆའོ་སྡེ་ཁུལ་གྱི་བྱིས་པའི་ཁྱིམ་དུ་གྲོགས་པོ་ཆུང་ཆུང་ཚོས་དང་བླངས་པའི་མཛུབ་ཁྲིད་འོག་ཤོག་དྲས་སྦྱོང་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ཀུའེ་ཀྲོའུ་ཞིང་ཆེན་ཁྲི་ཧྲུའེ་གྲོང་ཁྱེར་གྱིས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱས་ནས་གྲོང་ཚོར་བཅའ་སྡོད་ཏང་ཡོན་ལས་བྱེད་པས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་པར་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་ཡོད། འདི་ནི་ཀུའེ་ཀྲོའུ་ཞིང་ཆེན་ཁྲི་ཧྲུའེ་གྲོང་ཁྱེར་ཕུའུ་ཤིང་གྲོང་རྡལ་ཁའེ་ཤོན་གྲོང་ཚོར་གྲོང་མི་ཚོས་བརྔ་བསྡུ་བྱས་པའི་འབྲུ་རིགས་ཀའོ་ལེའང་དབོར་བཞིན་པ།

    ཨ་རི་དང་། སུའེ་ཙེར། ཨོ་སི་ཁྲུ་རི་ཡ། ཁེན་ནི་ཡ་སོགས་རྒྱལ་ཁབ་ནས་ཡོང་བའི་ཕྱི་རྒྱལ་གྱི་གྲོགས་པོ་60ལྷག་ཙམ་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་དུ་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཡུལ་སྲོལ་རིག་གནས་ཤེས་རྟོགས་དང་མྱོང་རོལ་བྱས་ཡོད། འདི་ནི་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ནན་ཤུན་ཆུས་ཧོ་ཧྥུའུ་གྲོང་རྡལ་ཏི་ཀང་ཉ་གྲོང་དུ་ཕྱི་རྒྱལ་གྱི་གྲོགས་པོས་ཁྱད་ལྡན་གྱི་དམངས་སྲོལ་རོལ་ཆ་མྱོང་རོལ་བྱེད་བཞིན་པ།

    འདི་ནི་དྲག་ཆས་ཉེན་རྟོག་ཧོ་པེ་སྤྱི་ཁྱབ་རུ་ཁག་ཞིང་ཐའེ་ཉིང་ལག་རུ་ཁག་གི་དཔོན་དམག་ཚོས་ཧོ་པེ་ཞིང་ཐའེ་ནན་ལི་ཧོ་ཆུ་བོའི་ལི་ཀྲའོ་ཟམ་པའི་གཡོན་ངོགས་རགས་ཆེན་གྱི་ཆུ་རགས་བརྟན་དུ་གཏོང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།