དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྨན་གླིང་གྲོང་ཁྱེར་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས།

    “མངགས་ཐོ་རྣམ་པའི”བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    “ལོ་ལྔ་ཚན་བརྒྱད་པའི”བཅའ་ཁྲིམས་ཁྱབ་གདལ་འཆར་འགོད་གྱི་ལག་བསྟར་དོན་འཁྱོལ་ལ་སྔར་བས་སྐུལ་འདེད་བཏང་ནས། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་བྱང་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར་སྨན་གླིང་གྲོང་ཁྱེར་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས་སྨན་གླིང་ལྟེ་བའི་ཁྲིམས་འཛིན་ཁང་སྒྲིག་འཛུགས་བྱས་ནས་སྨན་གླིང་གྲོང་རྡལ་དྲིན་ཚོར་ཨར་པོའི་རྒྱུ་ཆ་བྲིན་ཚོང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དུ“མངགས་ཐོ་རྣམ་པའི”བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། དམིགས་ཡུལ་ནི་མང་ཚོགས་ཚོས་དུས་དང་རྣམ་པ་ཀུན་ཏུ“ཚེ་སྲོག་གོང་དུ་བཀུར་བ་དང་། བདེ་འཇགས་ཨང་དང་པོར་འཇོག་པའི”འདུ་ཤེས་བློ་ལ་བརྟན་པོ་ངེས་ཆེད་རེད།

    བྱེད་སྒོ་སྤེལ་རིང་སྨན་གླིང་ལྟེ་བའི་ཁྲིམས་འཛིན་ཁང་གི་ལས་དོན་པས་ས་གནས་ས་ཐོག་ཏུ་འགྲེལ་བཤད་དང་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། མང་ཚོགས་ལ་ངལ་རྩོལ་གན་རྒྱ་ལག་བསྟར་དང་། ལས་རྨས་ཀྱི་གནས་ཚུལ་རེ་འདུན་དང་གཏན་འཁེལ། ངལ་རྩོལ་བའི་ཁེ་དབང་སྲུང་སྐྱོང་སོགས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཤེས་བྱ་དང་། སྦག་སྦག་དང་གློག་སྒུལ་སྦག་སྦག་གཏོང་སྐབས་སྲུང་ཞྭ་མ་གོན་ན་ཉེན་ཁ་ཆེ་བའི་རང་བཞིན་དང་། དེ་བཞིན་སྒྲིག་འགལ་ངང་ཐོར་ཕྲུག་གི་ལྕགས་གཞོང་ནང་དུ་མི་བླུགས་པ། ལག་ཁྱེར་མེད་པར་ཐོར་ཕྲུག་གཏོང་བ་དང་ཆང་རག་བཏུངས་ནས་ཐོར་ཕྲུག་གཏོང་བ། ར་བཟི་ནས་ཐོར་ཕྲུག་གཏོང་བ་བཅས་ཀྱི་གནོད་འཚེའི་རང་བཞིན། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཁྲིམས་མིའི་ཐོབ་ཐང་དང་། བཅའ་ཁྲིམས་ཀྱི་གནས་བབ། ཁྲིམས་མིའི་ལམ་ལུགས། རྩ་འཛུགས་ཀྱི་དོ་དམ་ལམ་ལུགས། རྒྱལ་ཁབ་ཀྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་སོགས་ཀྱི་ནང་དོན་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སྟེ། བྱེད་སྒོར་ཞུགས་མཁན་མང་ཚོགས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་དེ་བས་ཤེས་དཔལ་དང་། དེ་བས་བདེ་འཇགས། དེ་བས་ཞི་མཐུན་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།