དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཁ་བསླུས་འགོག་པའི་དྲིལ་བསྒྲགས་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་ཁ་བསླུས་འགོག་པའི་ཟངས་གྱང་ལྕགས་རྩིག་བསྐྲུན་པ།

    མཚོ་སྨད་སྤྱི་བདེས་ཁ་བསླུས་འགོག་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    འདི་ནི་མཚོ་སྨད་རྫོང་གི་མི་དམངས་ཉེན་རྟོག་པས་ཞིང་ནང་དང་མུ་ཁར་བསྐྱོད་དེ་ཁ་བསླུས་འགོག་པའི་དྲིལ་བསྒྲགས་བྱེད་བཞིན་པ།

    འདི་ནི་མཚོ་སྨད་རྫོང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་མཉམ་ལས་ཁང་དུ་ཁ་བསླུས་འགོག་པའི་དྲིལ་བསྒྲགས་བྱེད་བཞིན་པ།

    གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་སྔོན་འགོག་དང་རྡུང་རྡེག་ནུས་ལྡན་གཏོང་བ་དང་། ཁོངས་གཏོགས་ཁུལ་གྱི་རྒྱ་ཆེའི་མང་ཚོགས་ཀྱི་ཁ་བསླུས་འགོག་པའི་འདུ་ཤེས་ཟབ་ཏུ་གཏོང་བ། ཁ་བསླུས་འགོག་པའི་དྲིལ་བསྒྲགས་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་དམངས་ཡོངས་ཀྱི་ཁ་བསླུས་འགོག་པའི་ཟངས་གྱང་ལྕགས་རྩིག་སྐྲུན་པ་བཅས་བྱ་ཆེད། འདི་ལོ་ཚུན་དུ་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་སྤྱི་བདེ་ཅུས་ཀྱིས་བསམ་ཕྱོགས་གསར་འབྱེད་དང་བྱ་ཐབས་གསར་གཏོད་བྱས་ནས“འགོག་རྡུང་མཉམ་འཛིན་དང་འགོག་ཟོན་སྔོན་འཇོག”གི་འདུ་ཤེས་མཐའ་འཁྱོངས་དང་། ནུས་ཤུགས་ཡོད་རྒུས“སྤྱི་ཚོགས་ཡོངས་ཀྱིས་ཁ་བསླུས་འགོག་པའི”རྣམ་པ་གསར་པ་གཏོད་པ། དྲིལ་བསྒྲགས་ཀྱི་བྱ་ཐབས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ། བྱ་ཐབས་ལེགས་སུ་གཏོང་བ། གྲོང་ཚོ་དང་དུད་ཚང་དུ་ཁ་བསླུས་འགོག་པའི་དྲིལ་བསྒྲགས་བྱེད་པ་དང་ཁ་བསླུས་འགོག་པའི་ཤེས་བྱ་མི་ཚང་མས་ཤེས་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས“བདེ་འཇགས་མཚོ་སྨད”འཛུགས་སྐྱོང་ལ་རམ་འདེགས་གང་ལེགས་བྱས་ཡོད།

    མཚོ་སྨད་སྤྱི་བདེས་ཕྱོགས་བསྡུས་བཅོས་སྐྱོང་གི་དྲ་མིག་ཅན་གྱི“དུས་བདེའི་དྲ་བའི”ཁྱབ་རྒྱ་ཆེ་བ་དང་ཆ་འཕྲིན་མཉམ་སྤྱོད་ཀྱི་ནུས་པ་འདོན་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ། ཡོངས་ཁྱབ་ཏུ་དྲིལ་བསྒྲགས་དང་གནད་སྨིན་དྲིལ་བསྒྲགས། གནད་ཀྱིས་ཁྱོན་འཁྲིད་པ། སྡེ་ཁུལ་ཚོགས་པ་དང་། དྲ་མིག་ཚོགས་པ། ལས་ཀའི་སྐད་འཕྲིན་ཚོགས་པ་སོགས་ལ་བརྟེན་ནས་ཁོངས་གཏོགས་ཚོང་དུད་དང་། གྲོང་ཚོ་ཨུ་ལྷན་གྱི་མང་ཚོགས། ལས་ཁུངས་ཀྱི་ལས་བཟོ་བཅས་ལ་ཁ་བསླུས་འགོག་པའི་སྦྲེལ་མཐུད་དང་རྩོམ་ཡིག་སྣ་ཚོགས་བསྐུར་བ་དང་སྦྲགས། དུས་ཐོག་ཏུ་ཚོགས་པའི་ནང་སྤེལ་རེས་དང་དོགས་གཞིར་ལན་བརྒྱབ་སྟེ་དྲིལ་བསྒྲགས་ཀྱི་འགོག་སྲུང་འཛིང་རགས་ཕྱོགས་ཡོངས་ནས་བསྐྲུན་ཏེ། ཉེན་རྟོག་པ་དང་མི་དམངས་དབར་འབྲེལ་གཏུག་བྱེད་པའི“སེམས་འབྲེལ་ཟམ་པ”བཙུགས་པ་རེད། རིག་ནུས་ཁ་པར་སྤྱོད་མི་ཤེས་པའི་རྒན་རྒོན་སོགས་ཀྱི་ཚོགས་སྤྱི་ཁག་གཅིག་ལ་དམིགས་ནས། མངགས་གཏོང་ཁང་གིས་ཆེད་མངགས་མི་དམངས་ཉེན་རྟོག་པ་ཁྱིམ་དུ་སྒྲོག་འགྲེལ་བྱེད་པར་མངགས་ཏེ་ཆ་འཕྲིན་མི་རེ་ངོ་རེར་བརྒྱུད་བསྒྲགས་བྱས་པ་རེད།

    མཚོ་སྨད་སྤྱི་བདེས“ཉེན་རྟོག་པ་ཁྲི་བརྒྱ་ཁྱིམ་ཚང་ཁྲི་སྟོང་ལ་སྐྱོད་པའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ཤང་དང་གྲོང་རྡལ་གྱི་ཁྲོམ་གཞུང་དང་གྲོང་ཚོ་ཨུ་ལྷན་གཉིས་དང་། མངགས་གཏོང་ཁང་གི“ཁང་གཅིག་རུ་གཉིས”“གྲོང་གཅིག་ཉེན་གཅིག”བཅས་ལ་བརྟེན་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་། བདེ་འཇགས་མཉམ་འགོག་རུ་ཁག གྲོང་སྲུང་རུ་ཁག “གཉིས་ལྡན་དུད་སྦྲེལ”སོགས་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་དང་མཉམ་དུ་གྲོང་ཚོ་དང་། སློབ་གྲྭ ཚོང་ཁང་། ལས་ཡུལ། ཚན་པ་བཅས་སུ་བསྐྱོད་དེ། དྲ་མིག་ཅན་གྱི་དྲིལ་བསྒྲགས་བྱས་པ་དང་དུས་མཚུངས་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ལ་གཞིགས་ནས་གནད་སྨིན་ཉེན་ཟོན་གྱི་ཉེན་བརྡ་གཏོང་བ་དང་། འགོག་ཟོན་གྱི་དྲིལ་བསྒྲགས་སྟོབས་ཤུགས་ཆེ་རུ་གཏོང་བ། ཁ་བསླུས་འགོག་པའི་དྲིལ་བསྒྲགས་ཀྱི“ཉེན་དོན་གཅིག་མཐུན་འདུས་གྲུབ”གཏོད་པ་བཅས་བྱས་ནས་ཁ་བསླུས་འགོག་པའི་བདེ་འཇགས་དྲ་བ་བརྟན་པོ་ཞིག་བསྐྲུན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནས་བཟུང་མཚོ་སྨད་རྫོང་སྤྱི་བདེ་ཅུས་ཀྱིས་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་485ལ་སྐུལ་སློང་བྱས་པ་དང་། དུད་ཚང་1000ལ་བསྐྱོད་དེ་ཁ་བསླུས་འགོག་པའི་དྲིལ་བསྒྲགས་འཆད་ཁྲིད་ཐེངས་50བྱས་པ། བརྡ་ཁྱབ150སྦྱར་བ། དྲིལ་བསྒྲགས་དཔྱད་ཡིག་3000ལྷག་ཙམ་སྤྲད་པ། མི་60ལ་ཉེན་བརྡ་བཏང་བ་དང་བཀག་སྡོམ་བསླབ་བྱ་བྱས་པ། མི་5000ལྷག་ཙམ་ལ་ཁ་བསླུས་འགོག་པའི་དྲིལ་བསྒྲགས་སློབ་གསོ་བརྒྱབ་པ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་ནན་པོ་བཏང་བའི་རྨང་གཞིའི་ཐོག་རྡུང་རྡེག་དང་། འགོག་ཟོན། དོ་དམ། ཚོད་འཛིན། དྲིལ་བསྒྲགས་བཅས་ཀྱི་ལྷུ་ཚིགས་ཁག་གི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་འབྱུང་རྩ་ནས་བཅོས་སྒྲིག་དང་། ཕྱོགས་ཡོངས་ནས་ཕྱོགས་བསྡུས་བཅོས་སྐྱོང་། དྲིལ་བསྒྲགས་དང་ཉེན་བརྡ་གཏོང་བ་དང་བཀག་སྡོམ་བསླབ་བྱའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་གྱི་ནུས་པར་བརྟེན་པ་དང་། གཡུལ་ས་རྒྱ་སྐྱེད་གཏོང་བ། མཉམ་འགོག་མཉམ་བཅོས་སོགས་ཀྱི་ལས་ཀའི་བྱ་ཐབས་བརྒྱུད་དམངས་ཡོངས་ཀྱི་ཁ་བསླུས་འགོག་པའི་རྣམ་པ་གསར་པ་ཞིག་བཏོད་དེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་ཏེ་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི“དངུལ་ཁུག”བསྲུངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།