དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • 《བོད་རང་སྐྱོང་ལྗོངས་ལྗང་མདོག་འཛུགས་སྐྲུན་བཀོད་པ་ཁྱབ་གདལ་བེད་སྤྱོད་ལས་དོན་གྱི་ལག་བསྟར་ཇུས་གཞི》བཀྲམ་ནས་ལག་ལེན་བསྟར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    《བོད་རང་སྐྱོང་ལྗོངས་ལྗང་མདོག་འཛུགས་སྐྲུན་བཀོད་པ་ཁྱབ་གདལ་དོ་དམ་བྱ་ཐབས》ཕྱོགས་ཡོངས་ནས་ལག་བསྟར་བྱེད་ཆེད། ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་སྣེ་ཁྲིད་དེ་འཆར་ཟིན་བརྒྱབ་ནས་བཟོས་པའི《བོད་རང་སྐྱོང་ལྗོངས་ལྗང་མདོག་འཛུགས་སྐྲུན་བཀོད་པ་ཁྱབ་གདལ་བེད་སྤྱོད་ལས་དོན་གྱི་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)2023ལོའི་ཟླ་7ཚེས་26ཉིན་དངོས་སུ་བཀྲམ་ནས་ལག་ལེན་བསྟར་འགོ་ཚུགས་པ་རེད།

    《ལག་བསྟར་ཇུས་གཞིའི》ནང་། 2023ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་དམངས་སྤྱོད་འཛུགས་སྐྲུན་བཀོད་པ་གསར་པས་གཞི་རྩའི་རིམ་པ་དང་དེ་ཡན་གྱི་ལྗང་མདོག་འཛུགས་སྐྲུན་བཀོད་པའི་ནང་བཟུང་བའི་བསྡུར་ཚད་60%ཟིན་པ་བྱེད་པ་དང་། 2024ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་དམངས་སྤྱོད་འཛུགས་སྐྲུན་བཀོད་པ་གསར་པས་གཞི་རྩའི་རིམ་པ་དང་དེ་ཡན་གྱི་ལྗང་མདོག་འཛུགས་སྐྲུན་བཀོད་པའི་ནང་བཟུང་བའི་བསྡུར་ཚད་70%ཟིན་པ་བྱེད་པ། 2025ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་དམངས་སྤྱོད་འཛུགས་སྐྲུན་བཀོད་པ་གསར་པར་ལྗང་མདོག་འཛུགས་སྐྲུན་བཀོད་པའི་ཚད་གཞི་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུ་ཡིན་པ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།