འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་གྲོང་གསེབ་ཏུ་ཁྱབ་གདལ་བཏང་བ།
ཉེ་དུས། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གི་ཤེས་དཔལ་འགྲིམ་འགྲུལ་དང་བླངས་ཞབས་ཞུ་རུ་ཁག་ཤག་བྱང་ཤང་ཤག་བྱང་གྲོང་ཚོར་བསྐྱོད་ནས“མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་སྐྱོད”ཅེས་པའི་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ་འགྲིམ་འགྲུལ་ཉེན་རྟོག་པས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཉེ་འགྲམ་གྱི་དཔེ་མཚོན་གྱོད་གཞི་དང་ཟུང་འབྲེལ་གྱིས་མང་ཚོགས་ལ་གྲོང་གསེབ་འགྲོ་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་གསལ་འགྲེལ་བྱས་པ་དང་། རྒྱ་ཆེའི་མང་ཚོགས་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་འགྲིམ་འགྲུལ་ཁྲིམས་འགལ་གྱི་གོམས་གཤིས་ངན་པ་གཏན་འགོག་བྱེད་དགོས་པའི་དྲན་སྐུལ་བྱས།
འདི་ནི་འགྲིམ་འགྲུལ་ཉེན་རྟོག་པས་མང་ཚོགས་ལ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ཤེས་བྱ་གསལ་འགྲེལ་བྱེད་བཞིན་པ།