དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་ས་འགག་སྒོ་ལས་ཁུངས་ཀྱིས།

    “བཟི་སྨན”ཁག་གཅིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    ཉེ་ཆར་ལྷ་ས་འགག་སྒོ་ལས་ཁུངས་ཁོངས་གཏོགས་བར་སྐོར་འགག་སྒོ་ལས་ཁུངས་ཀྱི་ཞིབ་བཤེར་བས་འཇར་མན་ནས་བསྐུར་བའི་སྦྲག་བསྐུར་ཞིག་ལ་Xའོད་རླབས་འཕྲུལ་འཁོར་གྱིས་བརྟག་དཔྱད་བྱེད་སྐབས་ཅ་ལག་གསེབ་ཏུ་བཟི་སྨན“སན་ཙུའོ་ལུན”དང་འདྲ་བའི་སྨན་ལེབ་མོ་10ཡོད་པ་ཤེས་རྟོགས་བྱུང་ཞིང་། མིག་སྔར་གྱོད་གཞི་དེར་མུ་མཐུད་མྱུལ་ཞིབ་ཐག་གཅོད་བྱེད་བཞིན་ཡོད།

    སན་ཙུའོ་ལུན་ནི་རྒྱལ་ཁབ་ཀྱི་བཀག་སྡོམ་རིགས་དང་པོའི་ཀླད་རྩའི་སྨན་ཡིན་པ་དང་། དུག་རྫས་ཐོན་གསུམ་པའི་ཁོངས་སུ་གཏོགས་ཀྱི་ཡོད། དེར་གཉིད་འགུགས་པ་དང་ན་ཟུག་འཇོམས་ནུས་ལྡན་ལ། དེའི་གཉིད་འགུགས་ནུས་པ་དེ་སྤྱིར་བཏང་གཉིད་འགུགས་སྨན་གྱི་ལྡབ་40ནས་100བར་ཡིན་པས། སྨན་དེ་སྤྱད་ཚེ་ཨ་སྟོང་རྒྱག་པ་དང་མགོ་ཡུར་འཁོར་བ་སོགས་བྱེད་པ་དང་། མང་པོ་སྤྱད་ཚེ་འཕྲལ་མར་བཟི་འཐོམས་འཁྱེར་གྱི་ཡོད།

    ཉེ་བའི་ལོ་ཤས་རིང་། སྨན་དེ་རིགས་ཁྲིམས་འགལ་བ་ཁག་གཅིག་གིས“བཟི་སྨན”ལ་བརྩིས་ནས་གཞན་ལ་ཁྲིམས་འགལ་གྱི་གནོད་འཚེ་གཏོང་གི་ཡོད།

    ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་དྲན་སྐུལ་བྱས་དོན། ཉེ་བའི་ལོ་ཤས་རིང་། ཕྱི་རྒྱལ་གྱི་སྨན་ཁག་གཅིག་ལ་མི་མང་པོས་དགའ་པོ་བྱས་ནས། ཕྱི་རྒྱལ་ནས་ཚབ་ཉོ་བྱེད་པ་ཧ་ཅང་རྒྱུན་གཏན་དུ་ཆགས་ནའང་། ཕྱི་རྒྱལ་གྱི་སྨན་རྫས་ཁག་གཅིག་རང་རྒྱལ་གྱིས་བཀག་སྡོམ་ནན་པོ་བྱེད་པའི་ཀླད་རྩའི་སྨན་རྫས་སུ་བཅུག་པ་མ་ཟད། དུག་རྫས་ཀྱི་ཁོངས་སུ་གཏོགས་པས། དེ་རིགས་ཚབ་ཉོ་དང་ལྐོག་ཚོང་བྱས་ཚེ་དུག་རྫས་བཙོངས་པའི་ཉེས་གསོག་གི་དོགས་གཞི་ཡོད།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ནང་གཏན་འབེབས་བྱས་དོན། དུག་རྫས་ཞེས་པ་ནི་ཉལ་ཐ་དང་། ཧེ་རོ་དབྱིན། ཅཱ་ཅི་པུན་པིང་ཨན(འཁྱག་དུག) མ་ཧྥེ། སོ་མ་ར་ཙ། ཁོ་ཁ་དབྱིན་དང་དེ་བཞིན་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་ནས་བཀག་སྡོམ་བྱེད་པའི་མིར་དབྱིངས་ཞུགས་སུ་འཇུག་བྱེད་ཀྱི་སྦྲིད་སྨན་དང་ཀླད་རྩའི་སྨན་རྫས་གཞན་དག་ལ་ཟེར། དུག་རྫས་ལྐོག་ཚོང་དང་། ཕྱིར་ཚོང་། ལྐོག་འདྲེན། བཟོ་བ་སོགས་བྱས་ཚེ་གྲངས་འབོར་ཉུང་ཡང་ངེས་པར་དུ་ཉེས་དོན་འགན་འཁྲི་བདའ་འདེད་བཏང་ནས་ཉེས་དོན་ཆད་པ་གཅོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།