དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་ཉེན་རྟོག་པས།

    རྨས་སྐྱོན་ཕོག་པའི་སྐྱེས་པ་ཞིག་བསྐྱབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་རྒྱལ་ལམ་318ཀྱི་གསེར་སྐྱེམས་ལའི་4122KM+སྨི་300ཡི་སར་སྐོར་གཡེང་བྱེད་སྐབས། ལམ་ཟུར་གྱི་ཆུ་ཡུར་འགྲམ་དུ་མི་ཞིག་ཉལ་ནས་ཡོད་པ་དང་ཡུར་བུའི་ནང་སྦག་སྦག་ཅིག་རིལ་ནས་ཡོད་པ་མཐོང་།

    གནས་ཚུལ་དེ་མཐོང་མ་ཐག་སྐོར་གཡེང་མི་དམངས་ཉེན་རྟོག་པས་སྐྱེས་པ་དེའི་གམ་དུ་བཅར་ནས་ལྟ་སྐབས། སྐྱེས་པ་དེའི་སྐེད་པ་དང་རྐང་ལག་གང་སར་བརྡབ་ཆག་བྱུང་ནས་རྨས་སྐྱོན་ཕོག་པ་མཐོང་། སྐད་ཆ་འདྲི་སྐབས་སྐྱེས་པ་འདིས་སྦག་སྦག་བཞོན་དུས་གཟབ་གཟབ་མ་བྱས་སྟབས། ལམ་འགྲམ་གྱི་ཆུ་ཡུར་ནང་འདྲེད་བརྡར་ཤོར་བྱུང་། ད་ལྟ་སྐེད་པར་ན་ཟུག་དྲག་པོ་བཏང་ནས་འགུལ་སྐྱོད་བྱེད་ཐུབ་ཀྱི་མི་འདུག་ཅེས་བཤད། སྐྱེས་པ་དེའི་གནས་ཚུལ་གསལ་པོ་ཤེས་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་མར་120ལ་ཁ་པར་བརྒྱབ་ནས་མྱུར་སྐྱོབ་བྱེད་པར་ཡོང་རོགས་ཞུས།

    མྱུར་སྐྱོབ་རླངས་འཁོར་འབྱོར་རྗེས་མི་དམངས་ཉེན་རྟོག་པས་སྨན་དོན་མི་སྣར་རྨས་མའི་ནད་གཞི་དང་གནས་ཚུལ་གསལ་བཤད་ཞིབ་ཕྲ་བྱས། དེ་ནས་སྨན་བཅོས་རགས་ཙམ་བྱས་རྗེས་སྨན་ཁང་དུ་ཁྲིད། སྐྱེས་པ་འདིར་རྨས་སྐྱོན་ཆེན་པོ་ཕོག་མེད་པས་མཚན་མོ་དེ་རང་ལ་སྨན་ཁང་ནས་དོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།