དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ས་དགའ་རྫོང་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས།

    ལོ་སྟོད་དུ་གྱོད་ཐག་བཅད་ཚད་84.31%ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    2023ལོའི་ལོ་སྟོད་དུ་ས་དགའ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས“དམངས་ཆེད་ཁྲིམས་འཛིན་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི”བསམ་བློའི་འདུ་ཤེས་བརྟན་པོ་བཙུགས་ཏེ། དམངས་ཆེད་ཁྲིམས་འཛིན་གྱི་དམིགས་ཡུལ་མཐའ་འཁྱོངས་ཀྱིས་ཅུས་ཡོངས་ཀྱི་ལས་བྱེད་ཉེན་རྟོག་པས་རང་ངོས་ལ་གནོན་ཤུགས་སྤྲོད་པ་དང་། གསར་འབྱེད་གསར་གཏོད། འབད་འབུངས་ཡར་བརྩོན་བཅས་བྱེད་པ་དང་། ལག་བསྟར་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་བ། ལག་བསྟར་བྱེད་ཐབས་ཡག་པོ་སྤྱོད་པ། ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ལག་བསྟར་ལས་དོན་གྱི་སྤྱིའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་རེད།

    2023ལོའི་ཟླ་6ཚེས་30ཉིན་བར། ལག་བསྟར་ཅུས་ཀྱིས་ལག་བསྟར་གྱོད་གཞི་སྣ་ཚོགས་51བདག་སྤྲོད་བྱས་པ་ལས་གྱོད་གཞི་གསར་པ་49དང་གྱོད་ཐག་གཅོད་རྒྱུར་ལུས་པའི་གྱོད་གཞི་རྙིང་པ་2ཡོད་པ་དང་། དེ་དག་ལས་གྱོད་གཞི་43གྱོད་ཐག་བཅད་པ་དང་གྱོད་གཞི་8གྱོད་ཐག་གཅོད་རྒྱུར་ལུས་ནས་གྱོད་ཐག་གཅོད་ཚད་84.31%ཟིན་པ་དང་། དངོས་སུ་དོན་འཁྱོལ་ཐུབ་ཚད་80.06%ཟིན་ནས་དུས་མཚུངས་ལས་70%འཕར(དེའི་ནང་ལག་བསྟར་བྱས་ཟིན་པའི་གྱོད་གཞི་30དང་ལག་བསྟར་བྱེད་མཇུག་འགྲིལ་བའི་གྱོད་གཞི་13ཡོད)ཡོད། ལྷག་པར་དུ་ལོ་སྟོད་དུ་ཁྲིམས་ཁང་དེར་དྲ་ཐོག་ཧབ་འཚོང་གི་གྱོད་གཞི་མེད་པའི་རྣམ་པ་མཇུག་འགྲིལ་བ་དང་དྲ་ཐོག་ཧབ་འཚོང་གི་གྱོད་གཞི་དེ་མིག་སྔར་2023ལོའི་སྤྱི་བསྒྲགས་དུས་མཚམས་སུ་སླེབས་ཡོད་པ་རེད།

    2023ལོའི་ལོ་སྟོད་དུ་ས་དགའ་རྫོང་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་གྱོད་གཞི་ལག་བསྟར་དོན་འཁྱོལ་ཐུབ་ཚད་དང་ལག་བསྟར་ཟིན་ཚད་སོགས་སྟོན་གྲངས་གལ་ཆེན་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། ལོ་སྟོད་དུ་གྱོད་ཐག་བཅད་ཚད་དང་དོན་འཁྱོལ་ཐུབ་ཚད་ཀྱི་སྟོན་གྲངས་གཉིས་ཀ་གཞིས་རྩེ་གྲོང་ཁྱེར་གྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།