དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • རྒྱལ་མཚམས་ཀྱི་འཐབ་ས་དང་པོར་ལྷག་བསམ་རྣམ་དག་གིས་བརྟན་སྲུང་བྱེད་མཁན་བཀྲ་ཤིས་དོན་གྲུབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    འདི་ནི་བཀྲ་ཤིས་དོན་གྲུབ་ཀྱིས་ལས་ཀ་བྱེད་བཞིན་པ།

    བོད་ལྗོངས་གཉའ་ནང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པ་བཀྲ་ཤིས་དོན་གྲུབ་ནི་འགྲམ་འགག་སྒོའི་ལམ་ཆུང་ཁག་ལ་རྒྱུས་མངའ་ཆེ་ཤོས་ཡོད་མཁན་ལས་སྒྲུབ་རུ་ཁག་གསུམ་པའི་རུ་དཔོན་གཞོན་པ་ཡིན།

    2011ལོའི་ཟླ་6པར། བཀྲ་ཤིས་དོན་གྲུབ་ཀྱིས་ཕ་ཡུལ་དྲན་པའི་དུང་སེམས་ཟབ་མོ་བཅངས་ནས་དམག་དཔུང་ནང་ཞུགས་ཏེ་གཟི་བརྗིད་ལྡན་པའི་མཐའ་སྲུང་དྲག་ཆས་ཉེན་རྟོག་དམག་དཔོན་ཞིག་ཏུ་གྱུར། 2018ལོའི་ཟླ་12པར། ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པར་བསྒྱུར།

    བཀྲ་ཤིས་དོན་གྲུབ་ལས་ཀར་ཞུགས་ཚུན། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་། ཀྲུང་ནེའི་མཐའ་མཚམས་དོ་དམ་དང་ཚོད་འཛིན་ལ་ཤུགས་སྣོན། འགག་སྒོའི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་བྱ་གཞག་ནང་ཧུར་ཐག་ཞུགས་ཏེ་ལག་ལེན་ཁྲོད་ཞུགས་པ་དང་། ཉེན་ཁར་མི་སྐྲག་པ། མང་ཚོགས་ལ་བརྩེ་སེམས་འཆང་བ་བཅས་ཀྱིས་སྤྱིར་བཏང་གི་ལས་གནས་ཐོག“ཧི་མ་ལ་ཡའི་རྒྱལ་མཚམས་ཀྱི་འགག་སྒོ་དང་པོ”བརྟན་སྲུང་བྱེད་པའི་ངོ་མཚར་གྱི་ལེའུ་རྩོམ་བཞིན་མཆིས།

    ལས་སྒྲུབ་རུ་ཁག་གསུམ་པས་མཐའ་མཚམས་དོ་དམ་དང་ཚོད་འཛིན་དང་། ཉེན་དོན་མཉམ་ལས། བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས། ཁོངས་གཏོགས་ཁུལ་གྱི་ཁྲིམས་འགལ་རྒྱལ་མཚམས་འཛུལ་སྒྲོལ་དོ་དམ་བཅས་དང་དེ་བཞིན་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་གནས་སྤོས་ཡུལ་མི་དོ་དམ་དང་འབྲེལ་བའི་ལས་ཀའི་འགན་འཁུར་གྱི་ཡོད་པས་མཐའ་མཚམས་ཀྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།

    རྙོག་འཛིང་ཆེ་ལ་ཛ་དྲག་པའི་མཐའ་མཚམས་དོ་དམ་དང་ཚོད་འཛིན་གྱི་གནས་བབ་ལ་དམིགས་ཏེ། ཀྲུང་ནེའི(འགྲམ)དམིགས་བསལ་མཉམ་འབྲེལ་བཀོད་འདོམས་པུའི་ལེགས་ཆར་བརྟེན་ནས་བཀྲ་ཤིས་དོན་གྲུབ་ཀྱིས་རྒྱལ་ཁོངས་ཕྱིར་བརྟག་ཞིབ་ལས་དོན་ཧུར་ཐག་སྤེལ་བ་དང་། ནེ་པ་ལའི་མཐའ་མཚམས་ཀྱི་འཐབ་ས་དང་པོར་རྒྱུན་མཐུད་བསྐྱོད་དེ་དམིགས་བསལ་མཉམ་འབྲེལ་བཀོད་འདོམས་པུའི་ཁོངས་མི་སྒྲིག་འཛུགས་བྱས་ནས་མཉམ་དུ་ཞིབ་བཤེར་དང་མཉམ་དུ་སྐོར་གཡེང་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། འདི་ལོ་ཚུན་དུ། ཁག་ཐེངས་3གྱི་མི་ཐེངས་3རང་ཡུལ་དུ་ལོག་བཏང་ནས་ཁྲིམས་འགལ་བས་འགག་སྒོ་ནས་ལྐོག་འཛུལ་ལྐོག་སྒྲོལ་གྱིས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་སྤེལ་བའི་རེ་ངན་གཏན་འགོག་བྱས་ཡོད།

    ཏང་ཡོན་ཞིག་ཡིན་པའི་ངོས་ནས་བཀྲ་ཤིས་དོན་གྲུབ་ལ་སྔ་རྗེས་སུ་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་ཐེངས་2དང་བྱས་རྗེས་རིམ་པ་གཉིས་པ་ཐེངས་1ཐོབ་མྱོང་ཡོད། “ང་ལས་ཀར་ཞུགས་པ་ནས་ད་བར་ལོ་10ལྷག་ཙམ་ཕྱིན་སོང་། ལས་ཀ་ཡག་པོ་བྱེད་པ་དང་གོང་རིམ་གྱིས་སྤྲད་པའི་ལས་འགན་ལེགས་སྒྲུབ་བྱེད་རྒྱུ་ནི་ངའི་འགན་འཁྲི་རེད”བཀྲ་ཤིས་དོན་གྲུབ་ཀྱིས“འདི་གར་ནི་ངའི་ཕ་ཡུལ་ཡིན་པས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་ནི་ངའི་འགན་འཁྲི་རེད”ཅེས་བཤད།

    2015ལོའི“4·25”ས་ཡོམ་དྲག་པོ་བརྒྱབ་རྗེས་བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་ཚང་མ་གཞིས་རྩེ་གྲོང་ཁྱེར་གྱི་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས་ཤིང་། བཀྲ་ཤིས་དོན་གྲུབ་ཀྱིས་གནས་སྤོས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོར་སྐུལ་འདེད་ཏན་ཏིག་བཏང་བ་དང་། རླངས་འཁོར་བཏང་སྟེ་སྤྱི་ལེ་500ཙམ་ཆོད་པའི་གཞིས་རྩེའི་འགྲམ་ཁུལ་གསར་གྱི་བཀོད་སྒྲིག་བྱ་ཡུལ་དུ་མི་ཧྲེང་རྒན་རྒོན་དང་དཀའ་ངལ་ཡོད་པའི་སློབ་མར་འཚམས་འདྲི་ཐེངས་མང་བྱེད་པ། དཀའ་ངལ་ཡོད་པའི་གནས་སྤོས་ཁྱིམ་ཚང་གི་གནས་ཚུལ་ལ་སྔར་བས་བརྟག་ཞིབ་དང་ཤེས་རྟོགས་བྱེད་པ། ཆ་སྒྲིག་རོགས་སྐྱོར་བྱ་ཡུལ་17ལ་སྔ་རྗེས་སུ་སྒོར་ཁྲི་2.6རི་བའི་འཚམས་འདྲིའི་དངོས་པོ་དང་སློབ་སྦྱོང་ཡོ་བྱད་སྤྲོད་པ་བཅས་བྱས་ནས་མང་ཚོགས་ལ་ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོ་སྐྱིད་མྱོང་ཚོར་ཐུབ་པར་བྱས་ཏེ་ཉེན་རྟོག་པ་དང་མི་དམངས་དབར་གྱི་ཉ་ཆུ་ལྟ་བུའི་འབྲེལ་བ་སྔར་བས་ཟབ་ཏུ་བཏང་བ་མ་ཟད། མཐའ་དར་དམངས་ཕྱུག་དང་། མཐའ་བརྟན་མཐའ་སྲུང་། མཉམ་འགོག་མཉམ་སྡོམ་བཅས་བྱེད་པར་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། ཉེ་ཆར་འགྲམ་འགག་སྒོ་སླར་གསོ་བསྐྱར་སྐྲུན་བྱས་པ་དང་སྦྲགས་ཕྱི་ནས་གླ་པར་ཡོང་མཁན་མང་དུ་ཕྱིན་པས་བཀྲ་ཤིས་དོན་གྲུབ་ཀྱིས་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་ལས་གནས་གང་ལེགས་སྤྱད་དེ། ཉམས་མྱོང་དང་བྱེད་སྟངས་བཟང་པོ་དཔྱད་གཞིར་འཛིན་པ་དང་སློབ་སྦྱོང་བྱེད་པ་མ་ཟད་ཕྱོགས་སྡོམ་དང་གདམ་གསེས་བྱས་ནས་དྲིལ་བསྒྲགས་བྱེད་སྟངས་ཕུན་སུམ་ཚོགས་སུ་བཏང་བ་དང་། འགག་སྒོའི་ཁུལ་ཁོངས་སུ་ཁྲིམས་སྐྱོང་དྲིལ་བསྒྲགས་དང་ཁྲིད་སྟོན་གྱི་ལས་དོན་ཧུར་ཐག་སྤེལ་ནས་གོ་བདེ་ཤེས་སླའི་བོད་སྐད་ཐོག་ནས་དྲིལ་བསྒྲགས་བྱས་པར་ས་གནས་དེ་གའི་མང་ཚོགས་ཀྱིས་གོ་བ་ཡག་པོ་བླངས་ཐུབ་པས་ཁོངས་གཏོགས་ཁུལ་གྱི་གླ་པ་རྒྱུག་མཁན་ཚོའི་གདེང་འཇོག་བཟང་པོ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།