སྤུ་ཧྲེང་མཐའ་མཚམས་ཞིབ་བཤེར་མི་དམངས་ཉེན་རྟོག་པས།
ནེ་པ་ལའི་ཐེམ་ཁུངས་ཀྱི་སྐྱེས་པ་ཞིག་ལ“ཤར་གཏོང་བགྲོད་ལམ”བཏོད་པ།
མི་དམངས་ཉེན་རྟོག་པས་ཐེམ་ཁུངས་ནེ་པ་ལ་ནས་ཡིན་པའི་སྐྱེས་པའི་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ནེ་པ་ལའི་ཐེམ་ཁོངས་ཀྱི་སྐྱེས་པ་ཞིག་གི་གཉེན་ཉེ་ཀྲུང་གོར་གློ་བུར་དུ་ནད་གཞི་ཕོག་ནས་མྱུར་སྐྱོབ་བྱེད་བཞིན་ཡོད་པས། རང་རེའི་རྒྱལ་ཁོངས་སུ་འཛུལ་ནས་སྨན་ཁང་ལ་ལྟ་རྟོག་བྱེད་པར་འགྲོ་དགོས་སྟབས། སྤུ་ཧྲེང་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་འགག་སྒོའི་འཐབ་ཕྱོགས་དང་པོའི་ལས་སྒྲུབ་མི་དམངས་ཉེན་རྟོག་པར་རོགས་པ་བྱེད་རོགས་ཞེས་ཞུས་པ་རེད།
འགག་སྒོའི་ལས་རེས་མི་དམངས་ཉེན་རྟོག་པས་གནས་ཚུལ་ངོ་མ་ཡིན་མིན་བརྟག་དཔྱད་བྱས་རྗེས། འཕྲལ་མར་ལས་སྒོ་བྱང་ཆུབ་པའི་མི་དམངས་ཉེན་རྟོག་པ་བཀོད་སྒྲིག་བྱས་ཏེ། ས་ཁོངས་སུ་འཛུལ་བའི་ཞིབ་བཤེར་མ་བྱས་གོང་གི་འབྲེལ་ཡོད་གྲ་སྒྲིག་ལས་དོན་ཚགས་ཚུད་བྱས་པ་དང་འབྲེལ། འགག་སྒོ་དང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་ཚན་པ་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ཡུལ་སྐོར་བ་དེར་འགག་སྒོ་སྒྲོལ་བའི་འགྲོ་ལུཌ་གཉེར་བདེ་རུ་བཏང་ནས“ཤར་གཏོང་བགྲོད་ལམ”བཏོད་ཅིང་། དེ་དང་ཆབས་ཅིག་མི་དམངས་ཉེན་རྟོག་པས་རྫོང་གྲོང་དུ་འགྲོ་མཁན་རླངས་འཁོར་བཙལ་ནས་ཁོ་པར་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས་པ་རེད། འགག་སྒོ་ནས་ཐོན་དུས། སྐྱེས་པ་དེས་མི་དམངས་ཉེན་རྟོག་པས་སེམས་རྩ་འཁོལ་པོས་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།
དུས་ཡུན་རིང་པོའི་ནང་། སྤུ་ཧྲེང་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས“མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བའི”ལས་ཀའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས“ཤར་གཏོང་བགྲོད་ལམ”གྱི་ཞབས་ཞུའི་བརྒྱུད་རིམ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བའི་ཁར། འགག་སྒོའི་མཉམ་འབྲེལ་ཞིབ་བཤེར་ཚན་པ་ཁག་དང་རྒྱུན་རྣམ་ཅན་གྱི་མཉམ་འབྲེལ་ལས་སྒྲུབ་ཀྱི་མཐུན་སྦྱོར་ལམ་སྲོལ་རྒྱུན་འཁྱོངས་བྱས་ཏེ། འགག་སྒོ་བདེ་འཇགས་བརྟན་ལྷིང་ཡོང་བ་དང་། བཅའ་སྡོད་བྱ་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་བྱ་ཆེད་མཐའ་མཚམས་ཞིབ་བཤེར་གྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ནས་རྒྱལ་སྒོའི་བརྩེ་བ་ཟབ་མོ་ཚོར་ཐུབ་པ་བྱས་ཡོད།