དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • འཇོ་མདའ་རྫོང་སྤྱི་བདེ་ཅུས་སྤོ་ལོ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རྨས་མར་འཕྲལ་དུ་རོགས་སྐྱོབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    ཉེ་ཆར། འཇོ་མདའ་རྫོང་སྤྱི་བདེ་ཅུས་སྤོ་ལོ་ཤང་མངགས་གཏོང་ཁང་ལ་མང་ཚོགས་ཞིག་གིས་ཁ་པར་བརྒྱབ་ནས། ལས་རོགས་ཤིག་སྒུལ་བདེའི་བརྡ་རྟགས་གློག་ཤིང་སྟེང་ལས་ཀ་བྱེད་སྐབས། སྟབས་མི་ལེགས་པར་ཟགས་ཏེ་རྨས་སྐྱོན་ཕོག་འདུག་པས། མངགས་གཏོང་ཁང་ནས་ཉེན་རྟོག་པ་བཏང་སྟེ་རོགས་སྐྱོབ་བྱེད་རོགས་ཞེས་རེ་བ་ཞུས།

    རོགས་སྐྱོབ་རེ་ཞུ་འབྱོར་རྗེས། སྤོ་ལོ་ཤང་མངགས་གཏོང་ཁང་གི་མི་དམངས(ལས་རོགས)ཉེན་རྟོག་པས་ཤང་སྲིད་གཞུང་དང་འཕྲོད་བསྟེན་ཁང་གི་ལས་དོན་མི་སྣ་དང་མཉམ་དུ། འཕྲལ་མར་ས་གནས་ས་ཐོག་ཏུ་བསྐྱོད་པ་དང་འབྲེལ་120ལ་ཁ་པར་བརྒྱབ་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྐྱེས་པ་དེ་ནི་ཁྲུང་ཆིང་གི་ཀུང་སི་ཞིག་གི་སྒུལ་བདེའི་བརྡ་རྟགས་གློག་ཤིང་གི་ལག་རྩལ་བཟོ་པ་ཡིན་པ་དང་། སྤོ་ལོ་ཤང་སྲིད་གཞུང་གི་བརྡ་རྟགས་གློག་ཤིང་གི་ཡོ་ཆས་སྒྲིག་སྦྱོར་བྱེད་སྐབས་སྟབས་མི་ལེགས་པར་ཟགས་པ་རེད།

    བརྡ་རྟགས་གློག་ཤིང་དེ་རི་སྟེང་དུ་ཡོད་པའི་ཁར་ཉིན་ཤས་བསྟུད་མར་ཆར་པ་བབས་པས་རླངས་འཁོར་ས་ཡུལ་དངོས་སུ་སྐྱོད་ཐབས་བྲལ་ནས་རོགས་སྐྱོབ་ལ་དཀའ་ངལ་ཆེན་པོ་འཕྲད། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་བློ་ཐག་ཆོད་པོས་འགྱོགས་ཁྲི་ཁྱེར་ནས་རི་ལ་འཛེགས་པ་དང་། རྨས་མ་རྙེད་རྗེས་ཤང་སྲིད་གཞུང་དང་འཕྲོད་བསྟེན་ཁང་གི་ལས་དོན་མི་སྣ་སྐད་བཏང་ནས། རྨས་མ་འགྱོགས་ཁྲིར་བཞག་ནས་དུས་ཐོག་ཏུ་སྐྱོབ་བཅོས་བྱེད་པར་བསྐྱལ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།