དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གནམ་གྲུའི་སྤ་སེའི་དུས་ཚོད་སྒྱུར་དུས་ཁ་བསླུས་ཐེབས་པ།

    ལྷ་སའི་མི་གཉིས་ལ་སྒོར་ཁྲི་20ཙམ་མགོ་སྐོར་ཐེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    ཉེ་དུས། ཉེན་དོན་སྙན་སེང་ཞུ་མཁན་ལིའུ་ཆེ་གེ་མོར(མིང་ཚབ)མཁའ་འགྲུལ་ཀུང་སི་ཞིག་གི་ཁ་པར་འབྱོར་ནས། ལིའུ་ཆེ་གེ་མོའི་དུས་གཏན་གནམ་གྲུའི་ལན་གྲངས་བཤད་པ་དང་འབྲེལ། གནམ་གྲུར་སྐབས་འཕྲལ་དུ་ཞིབ་བཤེར་ཉམས་བཟོ་བྱེད་དགོས་པས་སྤ་སེའི་དུས་ཚོད་སྒྱུར་དགོས་མིན་སྐད་ཆ་དྲིས་པར། གནས་ཚུལ་དེར་ལིའུ་ཆེ་གེ་མོས་ཡིད་ཆེས་བློས་འགེལ་བྱས་ནས་སྤ་སེའི་དུས་ཚོད་སྒྱུར་རོགས་ཞེས་བཤད། དེ་རྗེས་ཕར་ཕྱོགས་ཀྱིས་ཁྱེད་ནས་མཁའ་འགྲུལ་གྱི་འགན་བཅོལ་ཉོས་འདུག་པས། སྤ་སེའི་དུས་ཚོད་བསྒྱུར་བར་འགྲོ་གྲོན་གཞན་སྤྲོད་མི་དགོས་པ་མ་ཟད། ད་དུང་ཀུང་སིས་གཏོང་སྤྲོད་འབོ་བརྒྱུད་ནས་གྱོང་གྱོན་ཁ་གསབ་སྤྲོད་ཀྱི་རེད་ཅེས་བཤད།

    ལིའུ་ཆེ་གེ་མོས་ཕར་ཕྱོགས་ཀྱི་ཅི་བཤད་ལྟར། ཁ་གསབ་དངུལ་ལེན་སྐབས་དྲ་ངོས་ནས་གློ་བུར་དུ“ཕར་ཕྱོགས་ནི་གཞུང་འབྲེལ་ཐོ་ཁོངས་ཡིན་པས་དངུལ་བསྒྱུར་ཐབས་བྲལ”ཞེས་པའི་དྲན་སྐུལ་ཡི་གེ་ཐོན་པ་རེད། སྐབས་དེར་ཕར་ཕྱོཌ་ནས་ལིའུ་ཆེ་གེ་མོར་བརྙན་ལམ་ཚོགས་འདུའི་མཉེན་ཆས“zoom”ཕབ་ཏུ་བཅུག་ནས་མཉེན་ཆས་དེའི་ལག་ཐོགས་ཁ་པར་གྱི་བརྙན་ཤེལ་མཉམ་སྤྱོད་ནུས་པ་ཁ་ཕྱེ་དགོས་ཞེས་བཤད། ལིའུ་ཆེ་གེ་མོས་ཕར་ཕྱོགས་ཀྱིས་བཤད་པ་ལྟར་གཏོང་སྤྲོད་འབོའི་ཐོག་བཀོལ་སྤྱོད་བྱས་པ་དང་། དེ་ནས་ཕར་ཕྱོགས་ནས་ལིའུ་ཆེ་གེ་མོའི་གཏོང་སྤྲོད་འབོའི་ཐོག་མཁའ་འགྲུལ་འགན་བཅོལ་གྱི་དྲ་ངོས་མེད་པར་ཁ་གཡར་ཏེ་ལིའུ་ཆེ་གེ་མོའི་གཏོང་སྤྲོད་འབོའི་ཡིད་རྟོན་ལ་གནས་ཚུལ་ཡོད་ལུགས་བཤད་པ་དང་། ལིའུ་ཆེ་གེ་མོར་དྲ་དངུལ་རྩིས་སྒྱུར་བརྒྱུད“མ་དངུལ་བཅོལ་ལེན་དཔང་ཡིག”བཟོས་ན་གཞི་ནས་གནམ་གྲུའི་སྤ་སེའི་དུས་ཚོད་བསྒྱུར་བའི་ཁ་གསབ་ལེན་ཐུབ་ཅེས་བཤད། ལིའུ་ཆེ་གེ་མོས་ཕར་ཕྱོགས་ཀྱིས་བཤད་པ་བཞིན། དམིགས་འཛུགས་རྩིས་ཁྲར་དངུལ་སྒོར་139000བསྒྱུར་ནའང་། ཁོ་པར་ཁ་གསབ་དངུལ་ད་དུང་འབྱོར་མེད་པས། ད་གཟོད་རང་ཉིད་ལ་ཁ་བསླུས་ཐེབས་པ་ཤེས་ཏེ་འཕྲལ་མར་ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ལ་གནས་ཚུལ་སྙན་སེང་ཞུ་བར་བསྐྱོད།

    ཉིན་དེ་རང་ལ་གྲོང་མི་ལི་ཆེ་གེ་མོའང(མིང་ཚབ)གོང་གི་གཡོ་ཇུས་དེའི་འོག་ཚུད་ནས་དངུལ་སྒོར་59989ཁ་བསླུས་ཤོར་བ་རེད།

    མི་དམངས་ཉེན་རྟོག་པས་དྲན་སྐུལ་བྱས་དོན། གནམ་གྲུའི་སྤ་སེ་དང་མེ་འཁོར་གྱི་སྤ་སེ་ཉོ་སྐབས་ངེས་པར་དུ་གཞུང་ཕྱོགས་ཀྱིས་གཏན་འཁེལ་བྱས་པའི་དྲ་ཚིགས་སམ་ཡང་ན་APPལས་སྟེཌ་སོགས་བརྒྱུད་ནས་ཉོ་དགོས་པ་དང་། སྤ་སེ་སློག་པ་དང་དུས་ཚོད་བསྒྱུར་བ་སོགས་ཀྱི་འབྲེལ་ཡོད་འཕྲིན་ཐུང་འབྱོར་ཚེ། ངེས་པར་དུ་གཞུང་ཕྱོགས་ཀྱི་ལས་སྟེགས་ནས་བདེན་མིན་དབྱེ་འབྱེད་བྱེད་དགོས། ཚད་ལྡན་གྱི་ལས་སྟེཌ་ནས་སྤ་སེ་སློག་པའི་འགྲོ་ལུགས་གཉེར་དུས་སྤྱིར་སྤ་སེའི་རིན་པ་མ་འབྱོར་གོང་། གྲོན་དངུལ་གཞན་སྤྲོད་མི་དགོས་པ་དང་། སྤ་སེའི་རིན་པ་སྤྱིར་ན་ཐོག་མའི་གཏོང་སྤྲོད་བྱེད་སར་སློག་གི་རེད། གལ་སྲིད་གྲོན་དངུལ་ངམ་དངུལ་ཁང་གཱ་ཡི་ཨང་གྲངས་སོཌ་ཆ་འཕྲིན་གཞན་དག་དགོས་ལུགས་བཤད་ཚེ་སྤྱིར་ན་ཁ་བསླུས་རྒྱག་མཁན་རེད། རྒྱུ་དངུལ་དང་འབྲེལ་བའི་འཕྲིན་ཐུང་འབྱོར་སྐབས་དོགས་ཟོན་བྱེད་དགོས་པ་དང་། ལྷག་པར་དུ་གནམ་ནས་ཤ་བག་ལེབ་ཟཌ་མི་སྲིད་པའི་འདུ་ཤེས་བློ་ལ་བརྟན་པོ་ངེས་དགོས། མི་སྒེར་ལ་འབྱོར་བའི་འཕྲིན་ཐུང་གི་བཤེར་རྟགས་སམ་ཡང་ན་འཕྲིན་ཐུང་གཞན་དག་མི་གཞན་ལ་གཏན་ནས་སྤྲོད་མི་རུང་བ་དང་། མགོ་སྐོར་ཐེབས་ཚེ་འཕྲལ་དུ་ཉེན་རྟོག་པར་སྙན་སེང་ཞུས་ནས་གྱོང་གུན་དེ་བས་ཆེ་བ་མི་ཕོག་པ་བྱེད་དགོས། “རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས”ཀྱི་APPདུས་ཐོག་ཏུ་ཕབ་དགོས་པ་མ་ཟད། ཁ་བསླུས་ངོ་རྒོལ་གྱི་ཁ་པར་ཨང་གྲངས“96110”སེམས་ལ་བརྟན་པོར་ངེས་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།