དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རང་ལྗོངས་ཀྱིས་ཞིང་ལས་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    ཉེ་ཆར་ལྗོངས་ཞིང་ལས་གྲོང་གསེབ་ཐིང་དང་། ལྗོངས་ཚན་རིག་ལག་རྩལ་ཐིང་། ལྗོངས་མི་སྤྱི་ཐིང་། ལྗོངས་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པའི་རང་སྐྱོང་ལྗོངས་ཞིང་ལས་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་ལྷ་སར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་ནས་ཡོང་བའི་བདམས་ཐོན་པ་42གྲ་སྒྲིག་འགྲན་བསྡུར་བྱས་པ་བརྒྱུད་དེ་གར་སླེབས་ཤིང་། འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད་ཉིང་ཁྲི་གྲོང་ཁྱེར་གྱི་སྤེན་པ་དང་། ལྷ་ས་གྲོང་ཁྱེར་གྱི་རྐང་བཙུགས་དང་མིག་དམར་སྐྲ་བཟང་བཅས་མི་གསུམ་ལ་སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་ཀྱི་ཨང་དང་པོ་ནས་གསུམ་པ་བར་ཐོབ་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་འཇམ་དབྱངས་དང་། ལྷ་ས་གྲོང་ཁྱེར་གྱི་རྣམ་རྒྱལ། ལྷོ་ཁ་གྲོང་ཁྱེར་གྱི་སྐལ་གྲུབ་བཅས་ལ་སྒོ་ཕྱུགས་གསོ་སྤེལ་བའི་རྩལ་ནུས་འགྲན་བསྡུར་གྱི་ཨང་དང་པོ་ནས་གསུམ་པ་བར་ཐོབ་ཡོད། ཉེ་དུས་ཁོང་ཚོས་རང་ལྗོངས་ཀྱི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་མཐའ་བསྡུར་ནང་ཞུགས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།