དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་སྡོད་དཔུང་སྡེ་ཞིག་གིས་བརྗོད་དོན་གཙོ་བོའི་ལྟ་སྐོར་ལྟ་སྦྱོང་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    “དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་སློབ་སྦྱོང་དང་། དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་བྱས་རྗེས་འཇོག་པའི”སློབ་གསོ་དང་ལག་ལེན་བྱེད་སྒོ་སྔར་བས་གཏིང་ཟབ་ཏུ་བཏང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏན་ཏིག་ཡོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་ཆེད། བོད་སྡོད་དཔུང་སྡེ་ཞིག་གིས་དཔོན་དམག་གི་འཐུས་མི་སྒྲིག་འཛུགས་བྱས་ཏེ་ཆབ་མདོ་གྲོང་ཁྱེར་གསར་བརྗེའི་ལོ་རྒྱུས་རྟེན་མཛོད་ཁང་དུ་བསྐྱོད་ནས། “གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་ཐོག་མའི་བསམ་འདུན་ལག་ལེན་བསྟར་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར”ཞེས་པའི་བརྗོད་དོན་གཙོ་བོའི་ལྟ་སྐོར་ལྟ་སྦྱོང་བྱེད་སྒོ་སྤེལ་ཞིང་། དབྱིངས་ཞུགས་རྣམ་པའི་སློབ་གསོའི་རྣམ་པ་གསར་པ་རྒྱ་སྐྱེད་བྱེད་པའི་ཁྲོད། དཔོན་དམག་ཚོས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོར་ངེས་པ་དང་བླ་ན་མེད་པའི་བསམ་པའི་སྟོབས་ཤུགས་ཚོར་བར་ཁྲིད་སྟོན་བྱས་ནས། བློ་བརྟན་འགྱུར་མེད་ངང་སྲོག་ཤིང་ལ་སྲུང་སྐྱོང་དང་ཏང་གི་བཀའ་ལ་ཉན་པའི་ཆབ་སྲིད་ཀྱི་རང་རྟོགས་ལ་ཤུགས་སྣོན་མཐའ་གཅིག་ཏུ་བརྒྱབ་ཡོད།

    གོང་གི་པར་ནི་དམག་ཞབས་ཐིམ་པའི་དམག་མིའི་འཐུས་མི་དང“འདས་པོའི་ནང་་མི་རིགས་གསུམ”གྱི་འཐུས་མིས་འཚམས་འདྲིའི་དངུལ་ལེན་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།