དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས།

    《ཆབ་མདོ་གྲོང་ཁྱེར་གྱི་གཞི་རིམ་མེ་ཟོན་རྩ་འཛུགས་འཛུགས་སྐྱོང་དང་དོ་དམ་བྱེད་ཐབས》བཀྲམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    གཞི་རིམ་མེ་ཟོན་རྩ་འཛུགས་འཛུགས་སྐྱོང་དང་དོ་དམ་ཚད་ལྡན་དུ་གཏོང་བ་དང་། མེ་སྐྱོན་སྔོན་འགོག་ཚོད་འཛིན་གྱི་རྨང་གཞི་བརྟན་དུ་གཏོང་བ། མེ་སྐྱོན་ཐོན་མ་ཐག་ནས་མྱུར་སྐྱོབ་དང་འཕྲལ་སྡོམ་རོགས་སྐྱོབ་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས《ཆབ་མདོ་གྲོང་ཁྱེར་གྱི་གཞི་རིམ་མེ་ཟོན་རྩ་འཛུགས་འཛུགས་སྐྱོང་དང་དོ་དམ་བྱེད་ཐབས》བཀྲམ་པ་རེད།

    《བྱེད་ཐབས》ལ་བསྡོམས་ལེའུ་བརྒྱད་དང་དོན་ཚན་ཞེ་བརྒྱད་ཡོད་པ་སྟེ། གཅིག་ནས་ཤང(གྲོང་རྡལ)གི་མེ་ཟོན་བདེ་འཇགས་ཨུ་ལྷན་དང་། ཤང(གྲོང་རྡལ)གི་མེ་ཟོན་ལས་དོན་ས་ཚིགས། སྲིད་གཞུང་གི་ཆེད་ལས(དང་བླངས་པ)མེ་ཟོན་རུ་ཁག་སོགས“ཨུ་ལྷན་གཅིག་དང་། ས་ཚིགས་གཅིག རུ་ཁག་གཅིག”བཅས་ཀྱི་གཞི་རིམ་མེ་ཟོན་རྩ་འཛུགས་དང་གྲོང་ཚོའི(སྡེ་ཁུལ)མེ་ཟོན་ས་ཚིགས་ཆུང་གྲས་ཀྱི་འཛུགས་སྐྲུན་ཚད་གཞི་དང་། དོ་དམ་འགན་ནུས། ལས་ཀའི་ལམ་སྲོལ་བཅས་ཁ་གསལ་བཟོས་ཡོད་པ་དང་། གཉིས་ནས་གཞི་རིམ་མེ་ཟོན་རྩ་འཛུགས་ཀྱི་དཔུང་ཁག་འཛུགས་སྐྱོང་དང་། འཁོར་རྒྱུག སྲུང་སྐྱོང་བཅས་ཀྱི་འགྲོ་གྲོན་དང་། ལས་དོན་མི་སྣའི་གླ་ཕོགས། ཁ་གསབ། འགན་ལེན་སོགས་རིམ་ཁག་ནོར་སྲིད་ཀྱི་སྔོན་རྩིས་ནང་འཇུག་རྒྱུ། གསུམ་ནས་རྣམ་པ་སྣ་ཚོགས་ཀྱི་དཔྱད་བསྡུར་དང་འགན་འཛོལ་འགན་འཁྲི་བདའ་འདེད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་དང་འགན་འཁྲིའི་ནང་དོན་ཞིབ་ཚགས་སུ་བཏང་ནས་འགན་འཁྲིའི་ཚན་པ་ཁ་གསལ་བཟོས་ཤིང་། དཔྱད་བསྡུར་བྱས་འབྲས་རིམ་ཁག་སྲིད་གཞུང་གི་མེ་ཟོན་ལས་དོན་གྱི་དཔྱད་ཞིབ་དང་མི་སྒེར་གྱི་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་བསྡུར་ནང་འཇུག་རྒྱུ་བཅས་རེད།

    《བྱེད་ཐབས》བཀྲམ་པ་དེས་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་གྱི་མེ་ཟོན་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད་ཅིང་། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་དམངས་སྤྱོད་ཁང་པ་དང་། ནགས་ཚལ། རྩྭ་ཐང་བཅས་ལ་མེ་སྐྱོན་ཡང་ཡང་ཐོན་མང་བའི་ཉེན་ཁ་འགོག་ཟོན་ཐུབ་པ་དང་བསལ་ནས། མེ་ཟོན་བདེ་འཇགས་ཀྱི་གཞི་རིམ་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། གཞི་རིམ་མེ་ཟོན་རྩ་འཛུགས་ཀྱི་རང་འགན་གཙང་སྒྲུབ་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ཕྱོགས་བསྡུས་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ནུས་པ་དང་རང་སྲུང་རང་སྐྱོབ་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།