དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གྲོ་མོའི་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས།

    དངུལ་ཞལ་འདེབས་བརྒྱབ་ནས་སློབ་རོགས་ཀྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    ཉེ་ཆར་གྲོ་མོའི་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་གཅེས་སེམས་མཚོན་པའི་སློབ་རོགས་བྱེད་སྒོ་སྤེལ་ནས། གྲོ་མོ་རྫོང་གི་དཀའ་ངལ་ཡོད་པའི་སློབ་མར་རོགས་རམ་བྱས་ཏེ་སློབ་མ་རྣམས་སྤྲོ་སྣང་ལྡན་པའི་བྱིས་པའི་འཚོ་བ་སྐྱེལ་ཐུབ་པར་བྱས་པ་རེད།

    གྲོ་མོ་རྫོང་གི་སློབ་གྲྭ་ཁག་གཅིག་གི་སློབ་གྲྭའི་འཚོ་བའི་ཆ་རྐྱེན་དང་སློབ་མའི་སློབ་ཆས་ཁ་ཐང་བའི་གནས་ཚུལ་ཐག་གཅོད་བྱ་ཆེད། གྲོ་མོའི་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ནང་སའི་མཉམ་སྐྲུན་ཚན་པར་འབྲེལ་གཏུགས་བྱས་ཏེ་གཅེས་སེམས་མཚོན་པའི་སློབ་སྐྱོར་བྱེད་སྒོ་སྤེལ་ནས་གྲོ་མོ་རྫོང་དགྱེས་རུ་ཤང་སློབ་ཆུང་དང་། དུད་སྣེ་ཤང་ལྟེ་བའི་སློབ་ཆུང་། གྲོ་མོ་སྟོད་ཤང་སློབ་ཆུང་། གྲ་མ་ཕུ་ལྟེ་བའི་བུ་བཅོལ་ཁང་བཅས་ཀྱི་ཕྲུ་གུ་800ལྷག་ཙམ་ལ་གྱོན་ཆས་ཉིས་སྟོང་ཞལ་འདེབས་བརྒྱབ་པ་མ་ཟད། ད་དུང་སློབ་སྦྱོང་ཡོ་ཆས་200དང་ལུས་རྩལ་ཡོ་ཆས་ཆ་ཚང་30ཙམ་ཞལ་འདེབས་བརྒྱབ་པ་རེད། མི་དམངས་ཉེན་རྟོག་པས་སློབ་མ་ཚོར་སློབ་སྦྱོང་ཧུར་ཐག་དང་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་ཏེ་མེས་རྒྱལ་ལ་དགའ་ཞེན་དང་ཧུར་སེམས་ཆེ་བའི་ལོ་ཆུང་ཡག་པོ་ཞིག་བྱ་རྒྱུའི་སྐུལ་ལྕག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།