དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྗོངས་ཡོངས་ཀྱི་དྲང་གཞག་འགྲན་རྩོད་ཞིབ་བཤེར་གྱི་ཕྱོགས་གསུམ་པའི་ཚོད་སྐོར་དངོས་སུ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    དྲང་གཞག་འགྲན་རྩོད་ཀྱི་ཞིབ་བཤེར་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་བཙུགས་ཏེ་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་ཆེད། ཉིན་ཤས་གོང་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་མཉམ་འབྲེལ་ཚོགས་འདུའི་དྲང་གཞག་འགྲན་རྩོད་ཞིབ་བཤེར་ལས་དོན་གྱི་ཆེད་དོན་སྐུལ་སྤེལ་ཚོགས་ཆུང་གཞུང་དོན་ཁང་གིས་2023ལོའི་ལྗོངས་ཡོངས་ཀྱི་དྲང་གཞག་འགྲན་རྩོད་ཞིབ་བཤེར་གྱི་ཕྱོགས་གསུམ་པའི་ཚོད་སྐོར་སྐུལ་སློང་བཀོད་སྒྲིག་གི་བརྙན་ལམ་ཚོགས་འདུ་འཚོགས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 2023ལོར་དྲང་གཞག་འགྲན་རྩོད་ཞིབ་བཤེར་གྱི་ཕྱོགས་གསུམ་པའི་ཚོད་སྐོར་ཚན་པ་བསྡོམས་112ཡོད་པའི་ནང་ལྗོངས་ཐད་གཏོགས་སྡེ་ཚན་10ཡི་དྲང་གཞག་འགྲན་རྩོད་ཞིབ་བཤེར་ལམ་ལུགས་ལག་ལེན་བསྟར་ཚུལ་ལ་ཕྱོགས་བསྡུས་ཚོད་སྐོར་བྱེད་པ་དང་། གྲོང་ཁྱེར་དང་ས་ཁུལ་སྲིད་གཞུང་གཞུང་དོན་ཁང་དང་། གྲོང་ཁྱེར་དང་ས་ཁུལ་གྱི་སྡེ་ཚན། རྫོང(ཆུས)སྲིད་གཞུང་གཞུང་དོན་ཁང་བཅས་102ལ་ཕྱོགས་བསྡུས་ལྟ་ཞིབ་བྱེད་པར་རང་སྐྱོང་ལྗོངས་དང་། གྲོང་ཁྱེར་དང་ས་ཁུལ། རྫོང(ཆུས)བཅས་རིམ་པ་གསུམ་ཚང་མར་ཁྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།