ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཆུ་རྐྱལ(སྲོག་སྐྱོབ)འགྲན་བསྡུར་སྐབས་དང་པོ་གཉེར་བ།
རང་ལྗོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པའི་ཆུ་ཐོག་འཕྲལ་སྡོམ་རོགས་སྐྱོབ་འཇོན་ཐང་ཆེ་རུ་བཏང་ནས་དབྱར་ཁ་ཆུས་འཁྱེར་བ་སོགས་ཀྱི་གནས་ཚུལ་ལ་ཁ་གཏད་ཡག་པོ་གཅོག་ཆེད། ཉེ་ཆར་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཆུ་རྐྱལ(སྲོག་སྐྱོབ)འགྲན་བསྡུར་སྐབས་དང་པོ་རང་སྐྱོང་ལྗོངས་ཆུ་རྐྱལ་ཁང་དུ་གཉེར་བ་རེད།
ད་ཐེངས་ཀྱི་ཆུ་རྐྱལ(སྲོག་སྐྱོབ)འགྲན་བསྡུར་ནང་སྨི་12.5ཡི་སྲོག་སྐྱོབ་དང་སྨི་50ཡི་རང་མོས་ཆུ་རྐྱལ་སོགས་རྣམ་གྲངས་8བཀོད་སྒྲིག་བྱས་ཡོད་པ་དེའི་དམིཌ་ཡུལ་ནི། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་རྒྱ་ཆེའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ཆུ་ཐོག་གི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་འཕྲལ་སྡོམ་ཐག་གཅོད་ནུས་པ་དང་རོགས་སྐྱོབ་རང་སྐྱོབ་འཇོན་ཐང་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པའི(ལས་རོགས་ཉེན་རྟོག་པ)ཆུ་རྐྱལ་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཆུ་ཐོག་གི་སྲོག་སྐྱོབ་རྩལ་ནུས་ཁྱབ་གདལ་གཏོང་བ། སྤྱི་བདེའི་དངོས་འཐབ་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་སྤྱི་བདེ་དཔུང་ཁག་གི་ནུས་པ་འདོན་སྤེལ་བཅས་བྱ་ཆེད་ཡིན་པ་རེད།
ཤེས་རྟོཌ་བྱུང་བར་གཞིཌ་ན། ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱི་འཐུས་མི་རུ་ཁག་11གི་རུ་སྣེ་ཁྲིད་མཁན་དང་། རྩལ་ཁྲིད་པ། ལུས་རྩལ་པ་བཅས་དང་ལྗོངས་སྤྱི་བདེ་ཐིང་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པའི་འཐུས་མི་150ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།