དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྗོངས་ཡོངས་ཀྱི་སློབ་གྲྭའི་མེ་ཟོན་བདེ་འཇགས་ཚད་ལྡན་འཛུགས་སྐྱོང་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོཌ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    ཉེ་ཆར། ལྗོངས་ཡོངས་ཀྱི་སློབ་གྲྭའི་མེ་ཟོན་བདེ་འཇགས་ཚད་ལྡན་འཛུགས་སྐྱོང་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ནས། རང་ལྗོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་མེ་ཟོན་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུའུ་ཁོན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སློབ་གྲྭའི་མེ་ཟོན་བདེ་འཇགས་ནི་དགེ་སློབ་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་ལ། སློབ་གྲྭའི་རྒྱུན་གཏན་གྱི་སློབ་ཁྲིད་དང་འཚོ་བའི་སྒྲིག་ལམ་དང་ཡང་འབྲེལ་བ་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་སློང་གྲྭ་ཁག་སྟོན་དུས་ཀྱི་སློབ་འགོ་ཚུགས་གྲབས་ཡོད་པས། རིམ་ཁག་མེ་ཟོན་དང་སློབ་གསོ་སྡེ་ཚན་དང་སློབ་གྲྭས་བདེ་འཇགས་འཕེལ་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། མཐའ་ཚད་ཀྱི་བསམ་བློར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སློབ་གྲྭའི་མེ་ཟོན་བདེ་འཇགས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་ནུས་ཆེ་རུ་གཏོང་བར་བྱས་རྗེས་གསར་པ་ཧུར་ཐག་འཇོག་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།