དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལག་ཐོགས་ཁ་པར་གྱི་རྒྱ་བོད་ཤན་སྦྱར་ཐ་སྙད་འཚོལ་བཤེར་ལས་སྟེགས་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-15

    ཉེ་དུས་ལག་ཐོགས་ཁ་པར་གྱི་རྒྱ་བོད་ཤན་སྦྱར་ཐ་སྙད་འཚོལ་བཤེར་ལས་སྟེགས་དངོས་སུ་ཤར་གཏོང་ཐུབ་པའི་མཛད་སྒོ་འཚོགས་པ་རེད།

    མིག་སྔར་ལག་ཐོགས་ཁ་པར་གྱི་རྒྱ་བོད་ཤན་སྦྱར་ཐ་སྙད་འཚོལ་བཤེར་ལས་སྟེགས་ནང་ཐ་སྙད་གསར་པ་ཁྲི་10ལྷག་ཙམ་གྱིས་གཙོས་པའི་ཚད་ལྡན་མིང་ཚིག་གི་གྲངས་གཞིའི་མཛོད་བཏོད་ཡོད་པ་དང་། དེའི་ནང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཞི་རྩའི་མིང་ཚོགས་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་གྱི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ཐོན་པའི་ཐ་སྙད་དང་བརྗོད་པ་ཡོད་པས། རྒྱ་བོད་ཡིག་སྒྱུར་ལས་དོན་གྱི་ཐ་སྙད་ཀྱི་དགོས་མཁོ་བསྐངས་ཡོད།

    ངོ་སྤྲོད་བྱས་པར་གཞིཌ་ན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་ཡང་དག་པའི་འགོ་ཁྲིད་འོག རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་གིས(རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས)གྲངས་འཛིན་བོད་ལྗོངས་འཛུཌ་སྐྲུན་གྱི་འཐབ་ཇུས་ལ་རམ་འདེཌ་ཧུར་ཐག་བྱས་ནས། བོད་སྐད་ཡིག་གྲངས་འཛིན་ཅན་དང་ཆ་འཕྲིན་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བར་ནུས་པ་གང་ལེགས་བཏོན་ཏེ། པེ་ཅིང་སྦྲག་སྲིད་སློབ་ཆེན་དང་མཉམ་དུ་ལག་ཐོགས་ཁ་པར་གྱི་རྒྱ་བོད་ཤན་སྦྱར་ཐ་སྙད་འཚོལ་བཤེར་ལས་སྟེགས་ཞིབ་སྤེལ་བྱས་ནས་བཟོས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།