ཟླ་7པར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཟླ་རེའི་མཐོ་ཤོས་བཏོད་པ།
ཉེ་ཆར། གསར་འགོད་པར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་7པར། བོད་ལྗོངས་ནང་ཁུལ་གྱི་དམངས་སྤྱོད་སྐྱེལ་འདྲེན་གནམ་ཐང་7གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཁྱོན་མི་ཐེངས་ཁྲི་77ཟིན་པ་དེ་དུས་མཚུངས་ལས་31.6%འཕར་བ་དང་། གནམ་གྲུ་ཐེངས་5936འབབ་འཕུར་གྱི་འགན་ལེན་བྱས་པ་དེ་དུས་མཚུངས་ལས་2.4%འཕར་ནས། རྣམ་གྲངས་དེ་གཉིས་ཚང་མའི་ཐད་1965ལོར་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཤར་གཏོང་ཐུབ་ཚུན་གྱི་ཟླ་རེའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།