དབུ་ཤོག>ཁྲིམས་ལུགས།
  • ལྷ་ས་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུ“སྐར་ཁུང་གཅིག་ནས་ཕྱོགས་བསྡུས་བདག་སྤྲོད”ཀྱི་འཁོར་སྐྱོད་ཚོད་ལྟ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-08-08

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་སྡེ་ཚན་19ལྷ་ས་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་བཅའ་སྡོད་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུ“སྐར་ཁུང་གཅིག་ནས་ཕྱོགས་བསྡུས་བདག་སྤྲོད”བྱེད་འགོ་ཚུགས་པ་རེད།

    ད་ཐེངས་ཀྱི“སྐར་ཁུང་གཅིག་ནས་ཕྱོགས་བསྡུས་བདག་སྤྲོད”ཀྱི་ལས་དོན་སྤེལ་བ་དེས“ལས་སྟེགས་མདུན་མ་ནས་ཕྱོགས་བསྡུས་བདག་སྤྲོད་དང་། ལས་སྟེགས་རྒྱབ་མ་ནས་རིགས་དབྱེ་ཞིབ་མཆན། ཕྱོགས་བསྡུས་སྐར་ཁུང་ནས་ཡིག་ཆ་འདོན་པའི”བྱེད་སྟངས་བཅས་ལ་གཞིགས་ནས་རང་སྐྱོང་ལྗོངས་ཀྱི་ལྷ་ས་རིམ་གསུམ་ཚོམས་ཆེན་བཅའ་སྡོད་ལས་དོན་ལ་ཁྱད་པར་མེད་པའི“སྐར་ཁུང་གཅིག་ནས་ཕྱོགས་བསྡུས་བདག་སྤྲོད”དང་ཁྱབ་ཁོངས་དབྱེ་བའི་ལས་དོན་གྱི“སྐར་ཁུང་གཅིག་ནས་བྱ་བ་ཀུན་སྒྲུབ”ཀྱི་ལས་དོན་ལ་སྐུལ་འདེད་བཏང་སྟེ། ཚན་རིག་ཅན་གྱི་ལས་སྒོ་སྤེལ་ཡུལ་འཆར་འགོད་དང་། ཆེད་ལས་ཅན་གྱི་དཔུང་ཁག་གསོ་སྐྱོང་། ཚན་ལྡན་ཅན་གྱི་གཉེར་སྐྱོང་། ལམ་ལུགས་ཅན་གྱི་དོ་དམ། ཚད་ལྡན་ཅན་གྱི་བརྒྱུད་རིམ། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་བཅས་བརྒྱུད་ནས“སྐར་ཁུང་གཅིག་ནས་བདག་སྤྲོད་དང་ཕྱོགས་བསྡུས་ཞབས་འདེགས”ཀྱི་ལས་དོན་ལ་སྐུལ་འདེད་བཏང་སྟེ་ཞིབ་མཆན་གྱི་ལས་ཕྱོད་ཆེ་རུ་གཏོང་བ་དང་། ཞབས་འདེགས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་བ། ལས་སྒྲུབ་སྟབས་བདེ་ཡོང་བ་བཅས་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།