དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷག་བསམ་མཚོན་པའི་ཐུགས་རྗེའི་གོས་དར་ཕུལ། དམག་དམངས་བརྩེ་སེམས་ཉ་ཆུ་ལས་ཀྱང་ཟབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-08-08

    འདི་ནི་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་བྲག་ལོག་གྲོང་ཚོ་ཨུ་ལྷན་གྱིས་དྲག་ཆས་ཉེན་རྟོག་ལྷ་ས་ཉིང་ལག་རུ་ཁག་ལ་གཟེངས་བསྟོད་གོས་དར་སྤྲོད་བཞིན་པ།

    འདི་ནི་དྲག་ཆས་ཉེན་རྟོག་ལྷ་ས་ཉིང་ལག་རུ་ཁག་གི་འཐུས་མིས་བྲག་ལོག་གྲོང་ཚོའི་བཞོན་མའི་གསོ་ཚགས་ར་བར་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་དྲག་ཆས་ཉེན་རྟོག་ལྷ་ས་ཉིང་ལག་རུ་ཁག་འཕྲོད་བསྟེན་རུ་ཁག་གི་སྨན་དོན་མི་སྣས་བྲག་ལོག་གྲོང་ཚོའི་གྲོང་མིར་ཁྲག་ཤེད་ལྟ་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་བྲག་ལོག་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱིས“བརྩེ་སེམས་ཟབ་མོ་བྲག་ལོག་ལ་བཅངས་ནས་སྒེར་སེམས་མེད་པའི་རོགས་སྐྱོར་བྱེད”ཅེས་བཀོད་པའི་གོས་དར་ཞིག་དྲག་ཆས་ཉེན་རྟོག་ལྷ་ས་ཉིང་ལག་རུ་ཁག་ཏུ་བསྐྱལ་ཏེ་ཉིང་ལག་རུ་ཁག་གི་དཔོན་དམག་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་དང་དཔུང་སྡེའི་ནུས་པ་འདོན་སར་ནུས་པ་བཏོན་ཞིང་། 2019ལོའི་ལོ་འགོར་བྲག་ལོག་གྲོང་ཚོར་ཆ་སྒྲིག་རོགས་སྐྱོར་བྱས་པ་ནས་བཟུང་། ཉིང་ལག་རུ་ཁག་དེས“ཏང་འཛུགས་སྐྱོང་ལ་རོགས་སྐྱོར་དང་། ཐོན་ལས་དབུལ་སྐྱོར། སློབ་ཞུགས་རོགས་སྐྱོར”སོགས་ནང་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་རིམ་སྤེལ་བྱེད་སྒོ་ཤུགས་ཆེན་སྤེལ་ཡོད། རིམ་རྩིས་བྱས་ན། བྲག་ལོག་གྲོང་ཚོར་མ་དངུལ་སྒོར་ཁྲི་100ལྷག་ཙམ་བཏང་ནས་གྲོང་མིར་ཏང་འཛུགས་སྐྱོང་གི་བྱེད་སྒོ་ཁང་དང་། བཞོན་མ་གསོ་ཚགས་ར་བ། བོད་བྱ་གསོ་ཚགས་ར་བ་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་ནས་མི་50ལྷག་ཙམ་ཕྱུག་འགྱུར་ཡོང་ཐབས་བྱས་པ་རེད།

    སློབ་གསོ་བརྒྱབ་ནས་རོགས་རམ་དང་སློབ་སྦྱོང་བྱེད་པ་རྩ་བར་འཛིན་ཞིང་། ཉིང་ལག་རུ་ཁག་གིས“དྲོ་སྐྱིད་སྦྱིན་པ་དང་གཅེས་སེམས་འབུལ་བའི”བྱེད་སྒོ་གཏིང་ཟབ་སྤེལ་ནས་བྲག་ལོག་གྲོང་ཚོའི་སློབ་མར་སློབ་སྦྱོང་དང་སློབ་གསོའི་མཁོ་ཆས་ཉོས་པ་མ་ཟད། སློབ་མ་དབུལ་པོར་ཆ་སྒྲིག་རོགས་སྐྱོར་ཡང་བྱས་པ་རེད། དེ་དང་ཆབས་ཅིག་མང་ཚོགས་60ལྷག་ཙམ་ལ་སྤྱོད་གོ་ཆོད་པའི་ལག་རྩལ་སྣ་གཅིག་གམ་སྣ་གཉིས་ཁོང་དུ་ཆུད་པར་བྱས་ནས་ཏང་གི་བཀའ་དྲིན་དང་དཔོན་དམག་གི་བརྩེ་སེམས་གྲོང་མིའི་སེམས་ནང་དངོས་སུ་མྱོང་ཚོར་ཐུབ་པར་བྱས་ཡོད།

    བཅའ་སྡོད་བྱ་ཡུལ་ཕ་ཡུལ་དང་མི་དམངས་རང་སོ་སོའི་གཉེན་ཉེར་བརྩིས་ཤིང་། ཉིང་ལག་རུ་ཁག་འཕྲོད་བསྟེན་རུ་ཁག་གིས་སྔ་རྗེས་སུ་བྲག་ལོག་གྲོང་ཚོར་སྐོར་སྐྱོད་སྨན་བཅོས་དང་སྨན་པ་བསྟེན་པ་དང་སྨན་སྤྲོད་པའི་བྱེད་སྒོ་སྤེལ་ནས། མང་ཚོགས་428ལ་འོས་འགན་སྨན་བཅོས་བྱས་པ་དང་། སྨན་རིན་མི་དགོས་པར་སྒོར་ཁྲི་3ལྷག་ཙམ་རི་བའི་སྨན་རྫས་སྤྲད་པ། རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པས་གཱ་བཟོས་པའི་དུད་ཚང་དབུལ་པོར་འཚོ་བའི་མཁོ་ཆས་ཁག་40ཞལ་འདེབས་བརྒྱབ་པར་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་པ་རེད།

    འབྲེལ་ཡོད་འགན་འཁུར་བས། དམར་མདངས་བཀྲ་བའི་གོས་དར་ཕུལ་བ་ནི་བཅའ་སྡོད་བྱ་ཡུལ་མང་ཚོགས་ཀྱིས་ཉིང་ལག་རུ་ཁག་ལ་ཁས་ལེན་བྱས་པ་ཞིག་རེད་ལ། ཁོང་ཚོས་ང་ཚོར་བཅོལ་བའི་ཡིད་ཆེས་ཀྱང་རེད། འབྱུང་འགྱུར་ཉིང་ལག་རུ་ཁག་གིས་ད་དུང་རྒྱ་ཆེའི་གྲོང་མིས་ཐོག་མཐའ་བར་གསུམ་དུ་དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ། བརྩེ་སེམས་ཉ་ཆུ་ལས་ཀྱང་ཟབ་པ་རྒྱུན་འཁྱོངས་བྱས་ནས། དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་གྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།